e-texts navigator
Collection
Volume
Page
Wylie

224b1 སྟེར་བར་བྱེད་དོ།། ཆུའི་འགྲམ་དུ་སོང་སྟེ། ཁྲི་བཟླས་ན་ཡང་མཚན་མོ་ཐོག་ཐག་བཟླས་ན་ཐོ་རངས་ངེས་པར་འོང་ངོ་།། འོངས་ན་ཆུང་སར་འགྱུར་ཞིང་ཉི་མ་རེ
224b2 རེ་དི་ནི་ར་ལྔ་ལྔ་སྟེར་རོ།། མཚན་མོ་ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ། སྟོང་ཕྲག་བརྒྱད་བཟླས་ན། བཟླས་པའི་མཐའ་ཡེ་ངེས་པར་འོང་ཞིང་ལྟེ་བར་བྱའོ།། ཉི
224b3 མ་གཉིས་ལ་མདུན་དུ་འདུག་ཅིང་གཏམ་སྨྲས་པར་བྱེད་དོ།། ཉི་མ་གསུམ་པ་ལ་ཆགས་པ་སྤྱད་ན་ངེས་པར་འགྲུབ་ཅིང་ཆུང་མའི་ལས་ཐམས་ཅད་བྱེད་ཅིང་། དོང་ཅེ
224b4 བརྒྱད་དམ་གོས་དྲུག་གཅིག་སྟེར་བར་བྱེད་དོ།། ཉིན་གཅིག་བཞིན་དུ་རིའི་རྩེ་མོར་ཤ་ཟ་ཞིང་། ཁྲི་བཟླས་ན་ལྷ་མོའི་གཟུགས་ཀྱིས་མྱུར་དུ་འོང་ཞིང་མདུན་དུ
224b5 འོངས་ངོ་།། འཁྱུད་ཅིང་འཕྱོ་སྟེ། མ་སྨྲ་བར་ཆགས་པ་བྱས་ན་ཆུང་མར་འགྱུར་ཏེ། དོད་ཅེ་བེརྒྱད་སྟེར་ཞིང་ལྷས་མངོན་པར་འདོད་པའི་ཟའ་བ་སྟེར་བར་བྱེད་དོ།།
224b6 འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས། མི་འམ་ཅི་མོ་བསྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་གསང་བའི
224b7 བདག་པོ་ལག་ན་རྡོ་རྗེས་འདི་སྐད་གསོལ་ཏེ། དབང་ཕྱུག་ཆེན་པོ་ལྷ་ཆེན་པོ་ཁྱོད་ཉོན་ཅིག། འཇིག་རྟེན་གསུམ་གྱི་བདག་པོ་རྣམས་ཀྱི་འདའ་བར་བྱེད་པ་མ་ཡིན་པ།
224b8 མངགས་བཞུགས་མ་ལུས་པ་གྲུབ་པར་བྱེད་པ། མ་རུངས་པ་རྣམས་དང་ལྷ་རྣམས་ལ་བསྟན་པར་བྱའོ།། དེ་ནས་དབང་ཕྱུག་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།།




iiif viewer powered by OpenSeadragon

224a - 225a

Texts on this page

F519 - 'byung po 'dul ba zhes bya ba'i rgyud kyi rgyal po chen po