e-texts navigator
Collection
Volume
Page
Wylie

223b1 རས་དང་། རྒྱན་དང་། བཟའ་བ་ལ་སོགས་པ་སྟེར་རོ།། དེ་ནས་ཀླུའི་མོ་དམ་ཚིག་གི་སྔགས་བཤད་པ། ཨོཾ་ཕུ་ཨ་ཚ་ན་གི་ནི་བུ། འབོད་པའི་སྔགས་སོ།། ཨོཾ་བུ་ཡི།
223b2 བུ། སྤོས་དང་མེ་ཏོག་གི་སྔགས་སོ།། ཨོཾ་པུ་ཨ་ཕུ། དྲི་དང་མཆོད་ཡོན་གྱི་སྔགས་སོ།། ཀླུ་མོ་ཐམས་ཅི་སྔགས་སོ།། ཨི་ཨི་ཕུ་ག་ཆ་ག་ཤི་གྷ་བ་ན་ར་ག་མུ་ན
223b3 ཡ་སྭཱ་ཧཱ། སླར་གཏང་བའི་སྔགསོ།། ཀླུ་མོ་རྣམས་ཐམས་ཅད་ཀྱི་ཕྱག་རྒྱའི་མཚན་ཉིད་ཡོ་དུ་བད་བུ། བཤད་པ། ཐལ་མོ་མཉམ་པར་བྱས་ཏེ་སོར་མོ་རྣམས་མགོ
223b4 ངོའི་ཚུལ་དུ་སྦྱར་ལ་འཛུབ་མོ་ཁར་གྱུར་པས་མཐེ་བོ་སོར་མོ་བརྐྱང་པ་ནི། ཀུ་མོ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་སྟེ་ལས་ཐམས་ཅད་གྲུབ་པའོ།། དགུག་པ་ནི་ཕྱག་རྒྱ་དང་།
223b5 སྟེ་ལས་ཐམས་ཅད་། མཆོད་པའི་ཕྱག་རྒྱ་ནི་ཁུ་ཚུར་སོ་སོར་ཅངས་ཏེ། མཐེའུ་ཆུང་གི་སོར་མེ་མཐེ་བོས་མནན་ནས་སོར་མོ་ལྷག་མ་བརྐྱང་བ་ནི། ཀླུ་མོ་ཐམས་ཅད་ཀྱི
223b6 ཕྱག་རྒྱའོ།། འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ལས། ཀླུ་མོ་རྣམས་ཀྱི་བསྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པའི་ལེའུའོ།། ། དེ་ནས་གསང་བའི
223b7 བདག་པོ་ཕྱག་ན་རྡོ་རྗེ་ཁྲོས་ཞིང་རྡོ་རྗེ་གསོར་ཏེ་ཁྲོ་བོ་འདི་དང་བཅས་པས་གསུངས་པ། ཨོཾ་བྷི་ག་ཎ། བཛྲ་ཧཱུཾ་ཆེ་གེ་མོ།། ན་གི་ནི་ཨ་ཀ་ར་ཤ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ།
223b8 དེ་ནས་འདི་བཤད་པ་ཙམ་གྱིས་ཀླུ་མོ་ཐམས་ཅད་བརྒྱལ་ཞིང་། འགྱེལ་ཏེ་སྤྱི་བོའི་ནད་ཆེན་པོས་འཆིའོ།། གལ་ཧེ་དམ་ཚིགས་ལས་འདས་ན། ཁྲོ་བོ་འདི་དང་བཅས་ཏེ།




iiif viewer powered by OpenSeadragon

223a - 224a

Texts on this page

F519 - 'byung po 'dul ba zhes bya ba'i rgyud kyi rgyal po chen po