e-texts navigator
Collection
Volume
Page
Wylie

200b1 ཀ་ཏ་ཡ་ན་རྣ་བ་ཅན་གྱིའོ།། ཨོཾ་དྷི་ཁུ་ཏི་མུ་ཁི་ཀ་ཧ་ཀ་ཧ། དྷ་བ་དྷ་ག། ཛོ་ལ་ཛེ་ལ། བུཧྞ་ཨ་ས་ན་མུ་ཁི། གང་གངྒཱ། བེ་ད་ཊོ་ཐ་བ་ནི། ཨ་བྷི་ཤ་ཨ་དྷི་ཤ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ།
200b2 བ་ག་ཝན་ཨད་ཉ་པ་ཡ་ཏི་ཧྲི་སཱ་ཧཱ། ཀ་ཏ་ཡན་བཞིན་ཅན་མ་ཡའོ།། ཨོཾ་བྷི་ཁ་པ་ཐ་མ་ནི་ཀ་ཧ་ཀ་ཧ། ཛ་ཡ་ཛ་ཡ། སརྦ་ཨ་སུ་ར་པུ་ཙི་ཏི་ཧཱུཾ་ཕཊ་སཱ་ཧཱ། ཀ་ཏ་ཡ་ན་མཛེས་མ
200b3 ཡའོ།། ཨ་སུ་ར་ཏ་སྭ་ཡ། དེ་བྱ་ལ་ཙ་ནི། ཀ་མེ་ཤ་རི། ཛ་ག་ཏ་མོ་ཧ་ནི། སུ་དྷེ་གེ། ཀ་ཉྫ་མ་ཡ། དྷ་དྷ་ཤ་ནེ་ནུ་སུ་ར་ཤ་བྷེ་ཧེ། བྷི་ཤ་དྷི་ཤ། པུ་ར་པུ་ར། ས་ཏ་ཀ་པྲེ་ཡེ། ཧ་ས
200b4 བ་ས། ཀ་ཏ་ཡ་ན་དེས་མའོ།། ཀ་ཏ་ཡ་ནའི་འབྱུང་མོ་བརྒྱད་ཀྱི་རིག་སྔགས་བཟླས་པ་ཙམ་གྱི་འགྲུབ་པོ།། དེ་མཆོག་ཏུ་གསལ་བར་འབྱུང་པོ་འདུལ་བའི་རྒྱུད་ཆེན་པོས་ལས། ཀཿ
200b5 ཡ་ན་བརྒྱད་པོའི་ཕྱག་རྒྱའི་མཚན་ཉིད་འབྱུང་པོ་ཐམས་ཅད་བསྒྲུབ་པའི་བྱ་བ་བཤད་པར་བྱ་སྟེ། སོར་པོ་རྣམས་ཕན་ཚུན་བསྣོལ། འཛུབ་མོ་བརྐྱང་སྡེ་བཀུག་པ་ནི་ཀ་ཏ་ཡ
200b6 ནི་ཀ་ཏ་ཡ་ནའི་ཕྱག་རྒྱ་སྟེ། སོར་མོ་རྣམས་ནང་དུ་བཀུག་ནས། འཛུབ་མོ་གཉིས་བཞིབས་པ་ནི། ཀ་ཧ་ཡ་ན་ཆེན་མེའི་ཕྱག་རྒྱ་སྟེ། འབྱང་མོ་མ་ལུས་པར་འགགས་པའོ།།
200b7 ཕྱག་རྒྱ་འདི་ཉིད་ལས་གོང་མའི་སོར་པོ་ཁར་གཏད་ནས་མཐེའུ་ཏ་གཉིས་བཀུག་པ་ནི། འབྱུང་མོ་ཐམས་ཅད་གསོད་པ་སྟེ། རིགས་འཇོམ་པར་བྱེད་པ། བསྒྲུབ་པ་ཆེན་པོ
200b8 དགའ་བར་བྱེད་དབང་པོའི་དབང་ཕྱུག་མའི་ཕྱག་རྒྱའོ།། ཕྱག་རྒྱའི་བཅིངས་པ་ཙམ་གྱིས་མྱུར་དུ་འགྲུབ་པར་བྱེད་དོ།། ཁུ་ཚུར་གཉིས་པོ་སོ་སོར་བཅས་ནས། འཛུབ་མོ་ག




iiif viewer powered by OpenSeadragon

200a - 201a

Texts on this page

F519 - 'byung po 'dul ba zhes bya ba'i rgyud kyi rgyal po chen po