e-texts navigator
Collection
Volume
Page
Wylie

199b1 ངན་པའི་ཕྱག་རྒྱའོ།། ཕྱག་རྒྱ་འདི་ཉིད་ལས་འཛུང་མོ་བཀུག་ཅིང་གུང་མོ་བརྐྱང་བ་ནི་ཀློག་ལྔར་འཇིགས་མའི་ཕྱག་རྒྱའོ།། ཕྱག་རྒྱ་འདི་ཉིད་ལས་མཐེའུ་ཆུང་རབ་ཏུ་བརྐྱང་ང་ནི
199b2 གཞིན་མཛེས་མའི་ཕྱག་རྒྱའོ།། དུར་ཁྲོད་འཇུག་པའི་འབྱུང་མོ་བརྒྱད་ཀྱི་ཕྱག་རྒྱའི་མཚན་ཉིད་ཀྱི་ཆོ་ག་རྒྱས་པའི་ལས་བུའོ།། དེ་ནས་འདིར་ནི་བཤད་བྱ་བ། འབྱུང་པོ་འདུལ་བའི
199b3 རྒྱད་ཆེན་རྒྱལ། དུ་ཁྲོད་འཇུག་པའི་འབྱང་ཆེན་མོ། བརྒྱད་པོ་བསྐྲད་པའི་ཆོ་ག་སྟེ། དབུལ་པོ་རྣམས་ལ་ཕན་དོན་དུ། བྲན་མོའི་བསྒྲུ་ཐབས་དམ་པ་འདི། དུ་ཁྲོད་དུ་སོང་ནས
199b4 སྟོང་ཕྲག་བརྒྱད་བཟླས་ནས། སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ།། དེ་ནས་བསྒྲུབ་པ་ཙམ་པར་བྱས་སྟེ། མར་གྱིས་བྱུགས་པས་སྦྱིན་དེ་སྲེགས་བརྒྱ་བྱས་ནས། དེ་ནས་འབྱུང་མོ
199b5 དུར་ཁྲོད་དུ་འཇུག་མ་མྱུར་དུ་འོངས་ཏེ། ངས་ཅི་བྱེད་ཅེས་མངགས་བཞགས་པར་བྱེད་པར་འགྱུར་རོ།། ཞིང་བསྐྱེད་པའི་ཞིང་གི་ལས་བྱེད་ཅིང་ཉེ་མ་རེ་རེ་ཧི་ན་རེ་རེ་སྟེར་རོ།། མཚན་མ
199b6 ཞིང་གི་གསེབ་དུ་སོ་སྟེ། ཉ་དང་ཤས་ཇི་ལྟར་གསུང་བའི་གཏོར་མ་སྦྱིན་ཞིང་། ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ན་ལས་ཀྱི་ཤ་ཟ་མོ་ཇི་ལྟར་བསྟན་པའི་ལས་ཐམས་ཅད་བྱེད་དོ།།
199b7 མཚན་མོ་དུ་ཁྲོད་སོང་སྟེ། སྟོང་ཕྲག་བརྒྱད་བཟླས་ན་ཤ་ཟ་མོ་ཉན་རྣམ་རྣམས་མྱུར་དུ་བཟང་མོའི་གཟུགས་ཀྱིས་འོང་སྟེ་མངའ་བཞུགས་པར་བྱེད་དོ།། ཁྱིམ་གྱི་ལས་དང་བྱ་བ་དང་།
199b8 ཤགས་དང་། དྲག་པོའི་ལས་ལ་སོགས་པ་བྱེད་དོ།། མཚན་མོ་དུར་ཁྲོད་དུ་སོང་ནས་སྟོང་བཟླས་ན། ཤ་ཟ་མོ་ཉན་རྣམས་འབྱུང་མོའི་འཁོར་ལྔ་བརྒྱས་ཡོངསུ་བསྐོར་མྱ་ངདུ་འོང་ངོ་།།




iiif viewer powered by OpenSeadragon

199a - 200a

Texts on this page

F519 - 'byung po 'dul ba zhes bya ba'i rgyud kyi rgyal po chen po