| e-texts navigator |
| Wylie |
199a1 @#བྷིན་དྷ་བྷིན་དྷ། མ་ཀ་ར་ན། བི་ཤ་ཙ་ནི། བྷོ་བྷོ་ས་དྷ་ཀ་ཀི་ཀ་རོ་མ་གྲྀ་ཧཱུ~ཾ་ཕཊ་སྭཱཧཱ། སྤྱོད་ངན་མའིའོ།། ཨོཾ་དྷུ་དྷཱ་རི་དྷུ་དྷ་རེ། ས་ར་ས་ར།
199a2 ཀ་ཊ་ཀ་ཊ། ཛཾ་བྷ་ཡ་ཛ་བྷ་ཡ། སྟཾ་བྷ་ཡ་སཱ་དྷ་ཡ། མོ་ཧ་ཡ་མོ་ཧ་ཡ། བིདྷཱད་ཀ་ར་ལི་ཡ། པྲ་ཧི་ཧ་ཧ་བ་སིད་དྷི་ད་ཡིག་ཧ་ཧ་ཧཱུཾ་ཕཊ། ཀློག་ལྔར་འཇིགས་མའིའོ།། ཨོཾ་ས་ཧུ་སྱ
199a3 མུ་ཁི་ཨ་ཀར་ཤ་ཡ་ཨ་གར་ཤ་ཡ། སརྦ་བུད་དྷ་ན། ཛ་ཡ་ཛ་ཡ་བྷོ་བྷོ་མ་ཧཱ་སེ་ཏ་ཀ་ཏིཥྛ་ཏིཥྛཱ། ས་མ་ཡ་མ་ད་བཱ་ལ་ལ། ཤཏ་ཀ། ཨ་ཉ་བ་ཡ་ཏི་སཱ་ཧཱ།། སྨིན་མཛེས་མ་ཡིའོ།།
199a4 དུ་ཁྲོད་དུ་འཇུག་པ་བརྒྱད་ཀྱི་སྔགས་ཀྱི་ཚིག་གོ། དེ་ནས་འདིར་ད་ཁྲོད་དུ་འཇུག་པ་རྣམས་ཀྱི་ཕྱག་རྒྱའི་མཚན་ཉིད་བཤད་པ། ཁུ་ཏུར་ཕན་ཚུན་བཅིང་ནས། འཛུབ་མོ་གཉིས
199a5 བརྐྱངས་པ་ནི། འབྱུང་མོ་དམ་ཚིག་གི་ཕྱག་རྒྱ་སྟེ། ཕྱག་རྒྱ་དེ་ཉིད་ཀྱིས་འགུགས་པ་ཡང་བྱའོ།། དུར་ཁྲོད་དུ་འཇུག་པའི་ཤ་ཟ་པོ་བརྒྱད་ཀྱི་ཕྱག་རྒྱ་བཤད་པ། གཡོན་པའི་འཇུབ
199a6 མོ་བརྐྱང་བ་ནི་གདོང་ཁྲག་མའི། ཁུ་ཏུར་སོ་སོར་བཅས་ནས་མཐེའུ་ཆུང་གཉིས་འཁྱུད་དེ། འཛུང་མོ་གཉིས་བརྐྱངས་ནས་ཁའི་ཕྱོགསུ་སྦྱར་བ་ནི་མཆེ་བ་རྩིགས་མའི་ཕྱག་རྒྱ།
199a7 ལག་པ་གཡོན་པའི་ཁུ་ཚུར་བཅིངས་པའི་གུང་མོ་བརྐྱང་བ་ནི་རྒན་མོ་གདོང་གི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ལས་གུང་མོ་བཀུག་ཅིང་སྲིན་ལག་བརྐྱང་བ་ནི་པད་མའི་མིག་ཅན་མའི
199a8 ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་བཀུག་ནས་མཐེའུ་ཆུང་བརྐྱང་བ་ནི། མི་སྡུག་གདོང་མའི་ཕྱག་རྒྱའོ།། ལག་པ་གཡས་པ་ཁུ་ཏུར་བཅངས་ལ་འཛུབ་མོ་བརྐྱང་བ་ནི་སྤྱོད