| e-texts navigator |
| Wylie |
198a1 ལྕང་། @#། དཀྱིལ་འཁོར་བྱས་ནས། ཨ་ཀ་རུ་འདུག་པས་བྱིན་ཞིང་ཇི་ལྟར་གསུངས་པའི་གཏོར་མ་བྱིན་ནས་སྟོང་ཕྲག་བརྒྱད་བཟླས་ན་འགྲུང་བར་འགྱུརརོ།།
198a2 མཚན་མོ་ཡང་མཆོད་པ་བྱས་ཏེ། སྤོང་བཟླས་ན་རང་ཞིང་འོངས་ཏེ། སྣང་བ་ཆེན་པོ་བྱས་ནས་ཅན་དན་གྱི་ཆུས་མཆོད་ཡོན་བྱིན་ན་དགའ་བར་འགྱུར་ཏེ། བུ་ངེས་ཅི་བྱ་ཞེས་སྨྲ་དར་བྱེད་དོ།།
198a3 བསྒྲུབ་པ་བསམ་གྱིས་ཅིག་ཅེས་བྱ་བར་བྱས་ཏེ། མ་བཞིན་དུ་ཡོངསུ་སྐྱོང་བར་བྱེད་དོ།། འཁོར་ལྔ་བརྒྱའི་བྲན་ཅན་དང་། གོས་ཀི་མ་རེ་རེ་སྟེར་ཞིང་ལོ་ཁྲི་འཚོ་ལ། གང་གི་ཆེ་འཆི
198a4 ན་དྲོན་ཟེའི་རིགས་སྐྱེའོ།། མཚན་པོ་ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ། མཆོད་པ་བརྒྱས་པར་བྱས་ན། མར་གྱི་མར་མེ་སྦར་ཏེ། མཚན་ཐོག་ཟག་བཟླས་སོ།། དེ་ནས་བྱེད
198a5 ཀྱིས་དུས་སུ་འབྱུང་པོ་སྣང་བ་ཆེན་པོ་བྱས་ནས་འོངས་ཏེ། བུངས་ཅི་བྱ་ཞེས་སྨྲ་བར་བྱེད་དོ།། དེ་ནས་རྒྱལ་སྲིད་བྱིན་ཅིག་ཅེས་སྨྲས་ན། ཀི་མ་རེ་རེ་ཧི་ན་རེ་འབུམ་སྟེར་ཏེ། ལོ་ཁྲི་འཚོ
198a6 ཞིང་གང་གི་ཚེ་འཚོ་བ་ནས་བདག་གི་རྒྱལ་པོ་བྱེད་དོ།། ། འབྱུང་པོའི་རྒྱལ་པོ་བརྒྱད་ཀྱི་རྟོག་པ། རྫོགས་སྷོ།།
198a7 དེ་ནས་འབྱུང་པོ་ཆེན་མོ་དུར་ཁྲོད་དུ་འཇུག་པ་རྣམས་ལངས་ཏེ། དཔལ་རྡོ་རྗེ་འཆང་གི་ཞབས་ལ་སྤྱི་ངོས་ཕྱག་འཚལ་ནས་རང་གི་སྙིང་པོ་བུལ་བ། ཧཱུཾ་ཧྲི་ཧཱུ~ཾ་ཧ། མཆོག་གི་སྙིང་པོའོ།།
198a8 ཨོཾ་ཧུ~ཾ་ཀ་ཊ་ཀེ་ཊ། སརྦ་བུད་དྷ་ནཾ་ས་མ་ཡ་མ་ན་བ་ལ་ཡ། ཧ་ན་ཧ་ན། བྷན་དྷ་བྷན་དྷ། ཨ་ཀྲ་མ་ཀྵ་མ། བྷོནྡོ། མ་ཧཱ་རོའུ་ཏྲི་སྨ་ཤ་ན་བཱ་སི་ནི། ཡ་ག་ཙ་ཡ་ཀ་ཙ་ཡ་ཏྲི་གམ་ཧཱུཾ་ཧཱུ་ཕཊ།