e-texts navigator
Collection
Volume
Page
Wylie

197b1 བཟླས་ན་ངེས་པར་འོང་ངོ་།། འོངས་པ་ལ་མེ་ཏོག་གིས་ཆུའི་ཡོན་ཆབ་བྱིན་ནས་བསྒོ་ན་སྲིང་མོར་འགྱུར་རོ།། དངུལ་ཆུ་དང་བཅུད་ཀྱི་ལེན་དང་རྫས་ཀྱི་དངོས་གྲུབ་པ་སྟེར་ཞིང་དཔག
197b2 ཚང་སྡོང་དུ་སོང་ནས། བུད་མེད་བཟང་མོས་བླངས་ནས་སྤེར་བར་བྱེད་ཅིང་། མཚན་མོ་ལྔར་ཁྱེར་རོ།། ལྷ་ཁང་སྤོང་པར་ཇི་ལྟར་གསུངས་པའི་གཏོར་མ་དང་མཆོད་པ་བྱས་སྟོང
197b3 ཕྲག་བརྒྱད་བརྒྱད་བཟླས་ན་འགྲུབ་པར་འགྱུར་རོ།། མཚན་མོ་ཡང་གཏོར་མ་བྱིན་ནས་སྟོང་ཕྲག་བཟླས་ན་ངེས་པར་འོང་ངོ་།། འོང་བ་ལ་འདོད་པ་བྱས་ནས་ཆུང་མར་འགྱུར་ཏེ།
197b4 ཀི་མ་རེ་ནོར་སྟོང་སྤོང་གཏེར་ཞིང་། རྒྱབ་དུ་ཁུར་ནས་རི་རབ་ལ་ཡང་ཁྱེར་བར་བྱེད་དོ།། གཞན་ཡང་རྒྱལ་སྲིད་སྦྱིན་པར་བྱེད་ཅིང་། རྒྱལ་པོའི་བུ་མོ་འགུག་ནས་སྟེར་རོ།།
197b5 ལོ་སྟོང་ཕྲག་ལྔ་འཚོ་ཞིང་།། ཤི་ན་རྒྱལ་རིགས་སུ་སྐྱེའོ།། ཆུ་བོ་འདུས་པའི་ཕྱོགས་སོང་སྟེ། ཤའི་བཟའ་བ་དང་། ཀ་ར་བི་རིའི་མེ་ཏོག་སྦྱིན་ཞིང་གུགལ་གྱི་དད་པས་བདུགས
197b6 ལ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ན་འགྲུབ་པར་འགྱུར་རོ།། མཚན་མོ་ཡང་མཆོད་པ་རྒྱས་པར་བྱས་ཏེ། མར་གྱི་མར་མེ་རབ་ཏུ་སྦར་ནས། སྟོང་ཕྲག་བཟླས་ན་འཁོར་ལྔས་ཡོང
197b7 སུ་བསྐོར་ནས། རྐང་རྔུབ་ཀྱི་སྒྲ་ཆེན་པོ་འོང་ངོ་།། འོང་བ་ལ་མི་སྨྲ་བར་འགྱུར་བས་འདོད་པ་བྱས་ཏེ། ཆུང་མར་འགྱུར་རོ།། གལ་ཏེ་སྤོང་བར་བྱེད་ན་འཆི་བར་འགྱུརརོ།། རྒྱབ་དུ
197b8 ཞོན་ནུ་ཉི་མ་རེ་རེ་མཐོ་རིས་སུ་ཡང་ཁྱེར་བྱར་བྱེད་དོ།། གཞན་ཡང་རྒྱལ་སྲིད་སྟེར་ཞིང་ལོ་སྟོང་ཕྲག་འཚོ་ལ་ཤི་ནས་ཀྱང་རྒྱལ་རིགས་སྐྱེའོ།། ཆུ་བོའི་འགྲམ་དུ་སོང་སྟེ་གུར་གུམ་གྱི




iiif viewer powered by OpenSeadragon

197a - 198a

Texts on this page

F519 - 'byung po 'dul ba zhes bya ba'i rgyud kyi rgyal po chen po