| e-texts navigator |
| Wylie |
197a1 @མཚན་མོ་ཡང་སྟོང་བཟླས་ནས་འོངས་སྟེ། འོངས་ནས་འདོད་པ་སྦྱིན་པར་འགྱུར་རོ།། ཆུང་མར་འགྱུརརོ།། གསེར་སྲང་བརྒྱ་མ་ལ་དུ་དོང་ནས
197a2 ཐོ་རངས་ཀྱིས་འགྲོ་བར་འགྱུར་རོ།། ཉི་མ་རེ་རེ་འདི་ལྟར་བྱས་ཟླ་བ་གཅིག་གི་བར་དུ་ངེས་པར་གྱུར་ཏོ།། ཆུ་བོའི་འགྲམ་དུ་སོང་སྟེ་ཙན་དན་གྱི་དཀྱིལ་འཁོར་བྱས་ནས་ཞོ་དང་འབྲས
197a3 ཅན་གྱིས་གཏོར་མ་བྱིན་ནས། སྟོང་ཕྲག་བརྒྱད་བརྒྱད་བཟླས་ན་ཉི་མ་བརྒྱད་ན་ངེས་པར་འོང་ངོ་།། འོངས་ནས་ཙན་དན་གྱི་ཆུའི་མཆོད་ཡོན་བྱིན་ན་དགའ་བར་འགྱུར་ཏེ། བུ་ལ
197a4 ཅི་བྱ་ཟེར་ཏེ་བསྒྲུབ་པ་པོ་རྒྱལ་སྲིད་སྲང་ཅིག་ཅེས་སྨྲས་སོ།། དེས་ཡུལ་འཁོར་ཡོངསུ་སྐྱོངས་པར་བྱེད་དོ། གོས་དང་རྒྱན་དང་། བཟའ་བ་ལ་སོགས་པ་མཐུན་པར་བྱིན་པར་བྱེད།།
197a5 དཔལ་རྡོ་རྗེ་འཚང་གི་ཁང་པར་སྤོང་སྟེ། ཙན་དན་ཀྱི་དཀྱིལ་འཁོར་བྱས་ལ། ཀ་ར་བི་རིའི་མེ་ཏོག་སྦྱིན་ཞིང་གུ་གལ་གྱི་དུད་པུས་བདུགས་ལ་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར
197a6 འགྱུར་ཏེ། མཚན་མོ་ཡང་སྟོང་བཟླས་ན་ངེས་པར་འོང་ངོ་།། འོང་བ་ལ་མེ་ཏོག་སྦྱིན་ཞིང་ལེགས་པར་འོངས་།། ཞེས་བརྗོད་ན་ཆ་མར་གྱུར་ཏེ། ཁའི་དངུལ་ཆུ་དང་། བརྒྱད་ཀྱིས་ལེན
197a7 བ་དང་། རྫས་ཀྱི་དངོས་གྲུབ་གཏེར་ཞིང་དགྲ་ཐམས་ཅད་འཇོམས་པར་བྱེད་དོ།། རྒྱབ་ཏུ་ཞོན་ན་བྷོ་རིས་ཁྱེར་རོ།། ལོ་སྟོང་ཕྲག་བཅུ་འཚོའོ།། ཆུ་བོའི་འགྲམ་དུ་སོང་སྟེ། སྤོས་དཀར
197a8 པོས་དཀྱིལ་འཁོར་བྱས་ནས་མེ་ཏོག་དཀར་པོ་སྦྱིན་ཅིང་དུས་གསུམ་དུ་སིལ་ལ་དང་དུ་རུ་བཀས་གདུགས་ལ་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུར་རོ།། མཚན་མོ་ཡང་སྤོང