e-texts navigator
Collection
Volume
Page
Wylie

196b1 སྟེ། ལག་གཡོན་ཁུ་ཚུར་བཅངས་ནས་ནི། འཛུབ་མོ་རབ་ཏུ་བརྐྱང་བྱས་པ། འབྱུང་མོ་མངོན་ཕྱོགས་བྱེད་པ་སྟེ། གདུག་པ་ཐམས་ཅད་ཟད་པའོ།། ལག་པ་གཡོན
196b2 པས་ཁུ་ཚུར་བཅངས་ཏེ་མཐེའུ་ཆུང་བརྐྱངས་པ་ནི། འབྱུང་མོའི་དམ་ཚིག་གི་ཕྱག་རྒྱ་སྟེ། ཐམས་ཅད་དུ་ལས་ཐམས་ཅད་བྱེད་པའོ།། ལག་པ་གཉིས་སོར་མོ་ཐམས
196b3 ཅད་དུ་གཅིག་གི་སྟེང་དུ་གཅིག་སྐྱོན་པ་བྱ་བ་ལས། ལོག་པ་གཡས་པ་རྐྱེད་པ་གཡས་པར་གཞག་པ་ལག་པ་གཡོན་པས་གཡས་གནས་པའི་སྟེང་དུ་བཞག་པ་ནི
196b4 མཆོག་གི་སྙིང་པོ་སྟེ། འབྱུང་བ་ཐམས་ཅད་ཀྱི་ཕྱག་རྒྱའོ།། ཕྱག་རྒྱ་འདི་དག་བཅས་པ་ཙམ་གྱིས་འབྱུང་མོ་རྣམས་མྱུར་དུ་འོངས་སུ། གལ་ཏེ་མ་འོངས་ན་མིག
196b5 དང་སྤྱི་བོ་འགས་ཤིག་སྐམས་ཏེ་འཆི་བར་གྱུར་ཅིག། དེ་ནས་དཔའ་སྔོན་རྡོ་རྗེ་འཆང་ཁྲོ་བོའི་བདག་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། གལ་ཏེ་འབྱུང་པོ་རྣམས་དམ
196b6 ཚིགས་ལས་འགལ་བར་བྱེད་ན། ཁྲོ་བོའི་དང་བཅས་པས་དགུག་པའི་ཕྱིར་བཟླས་ཏེ། ཨོཾ་ཀ་ཊུ་ཀུ་ཊུ་ཧཱུཾ་ཧྲི་ཆེ་གེ་མོ་དྷུ་ཏི་ནི་ཧཱུ~ཾ་ཕཊ། ཁྲོ་བོ་འདི་དང་བཅས་པས་རྒྱ་ཕྲག་བརྒྱད
196b7 བཟླས་ཏེ་མྱུར་བར་འོང་བར་འགྱུར་རོ།། གལ་ཏེ་མྱུར་བར་མ་འོངས་ན་མིག་དང་སྤྱི་བོ་འགས་ཤིས་སྐམས་ཏེ་འཆིའོ།། དེ་ནས་བསྒྲུབ་པའི་ཐབས་ཀྱི་ཆོ་ག་བཤད་པ། ཆུ་བོའི
196b8 འགྲམ་དུ་སོང་སྟེ་ཙན་དན་གྱི་དཀྱིལ་འཁོར་བྱས་ནས་མེ་ཏོག་གཅལ་ཏུ་བཀྲམ་སྟེ། གུ་གུལ་གྱི་དུད་པས་བདུག་ཅིང་། སྟོང་ཕྲག་བརྒྱད་བཟླས་ནས་འགྲུབ་པར་འགྱུར་རོ།།




iiif viewer powered by OpenSeadragon

196a - 197a

Texts on this page

F519 - 'byung po 'dul ba zhes bya ba'i rgyud kyi rgyal po chen po