| e-texts navigator |
| Wylie |
196a1 འགྱུར་རོ།། གལ་ཏེ་མ་གྲུབ་ན་རིགས་དང་རྒྱུད་དུ་བཅས་པ་བརླག་པར་གྱུར་ཅིག། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་དང
196a2 ཚིག་ཉམས་པར་བྱས་མ་གྱུར་ན། དེ་བཞིན་གཤེགས་པའི་ཁྲོ་བོའི་རྡོ་རྗེས་སྤྱི་བོ་བཀས་པར་གྱུར་ཅིག། མྱང་བ་ཉིད་དུ་ཤིས་ཏེ་རྣམ་པ་ཐམས་ཅད་དུ་དམྱལ་བ་ཆེན་པོ་བརྒྱད་དུ
196a3 འཇུག་པར་གྱུར་ནས། དེ་ནས་ཡང་དག་བཤད་བྱ་བ། བསྒྲུབ་པ་པོ་ཡིས་གནས་མཆོག་སྟེ། ཆུ་བོའི་འགྲམ་དང་དུར་ཁྲོད་དང་། ཕྱག་ན་རྡོ་རྗེའི་ཁྱིམ་དདག་སྟེ། དེར་ནི་འབྱུང
196a4 པོ་འབྱུང་མདོ་ཀན། འགྲུབ་འགྱུར་འདི་ལ་ཐེ་ཙོམ་མེད། འབྱུང་པོའི་རྒྱལ་མོ་བརྒྱད་ཀྱི་བསྒྲུབ་པའི་གནས་སོ།། དེ་ནས་ཕྱག་རྒྱ་བཤད་བྱ་བ། འབྱུང་མོ་བརྒྱད་ནི་བསྒྲུབ
196a5 པ་སྟེ། ལག་གཡོན་ཁུང་ཚུར་དམ་བྱས་ནས། གུང་མོ་རབ་ཏུ་བརྐྱང་བྱས་ལ། སྤྱན་དྲང་མཆོད་པ་མཆོད་པའི་ཕྱག་རྒྱ་སྟེ། རིགས་ཀྱི་མཆོག་ནི་བསྒྲུབ་བྱེད་པ། ཁུ་ཚུར
196a6 ཕན་ཚུན་བཅངས་ནས་ནི། མཛུབ་མོ་རབ་ཏུ་བརྐྱང་བྱས་ལ། རང་གི་དམ་ཚིགས་བསྲུངས་པའོ།། འབྱུང་མོ་སྐད་ཅིག་དེ་ལ་འགྲུབ། ལག་གཡེན་ཁུ་ཚུར་དམ་བཅས་ནས།
196a7 མཐེ་ཆུང་རབ་ཏུ་བརྐྱང་བྱས་ལ། ཉེ་བར་བྱེད་པའི་ཕྱག་རྒྱ་སྟེ། འབྱུང་པོ་ཐམས་ཅད་རྗེས་འབྲང་བའོ།། ལག་པ་གཡོན་པ་བརྐྱང་ནས་ནི། འཛུབ་མོ་བཀུག་པར་བྱས་ནས
196a8 སུ་མཐེ་བོ་ཡིས་ནི་མནན་བྱས་པའོ།། འབྱུང་ཀུན་དབང་དུ་བྱེད་པའོ།། ལག་གཡོན་ཁུ་ཚུར་བཅས་པ་ལས། སྲིན་ལག་རབ་ཏུ་བརྐྱང་བ་ནི། འབྱུང་མོ་ཐམས་ཅད་འགུགས་པ