e-texts navigator
Collection
Volume
Page
Wylie

195b1 ལེགས་སོ་ལེགས་སོ།། མ་འོངས་པའི་ཚེ་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་བཟློས་པའི་མི་རྣམས་ཀྱིས་བསྟན་བཀུར་གྱིས་ཤིག། དབྱིག་དང་། གསེར་དང་། མུ་ཏིག
195b2 དང་། བཻ་དུརྱ་དང་། བད་མ་ར་ག་དང་། རྫས་རྣམས་བྱིན་ཅིག། དེ་ནས་འབྱུང་པོའི་བྲན་རྣམས་ཀྱིས་འབྱུང་པོ་གཞན་གྱིས་མི་ཐུབ་པ་ལ་སོགས་པའི་འཁོར་དང་བཅས་པ་ལངས་ཏེ
195b3 དཔལ་རྡོ་རྗེ་འཚང་ཁྲོ་བོའི་བདག་པོ་ཆེན་པོའི་ཞབས་ལ་མགོ་བོས་བཏུད་ནས་རང་གི་སྙིང་པོ་བུ་ལ་ག་ཨོཾ་ཤྲེ་མ་ཧ་བུད་དྷ། ཀུ་ལ་སུ་དྷ་རི་ཧཱུཾ། ཨོཾ་ཤྲི་བ་ཛ་ཡ་སུན་དྷ་རི་ཧྲི། ཨོཾ་ཤྲཱི
195b4 བི་མ་སུན་ད་རི་ཡི། ཨོཾ་ཤྲི་ར་ཏི་སུན་དྷ་རི་བྷ། ཨོཾ་ཤྲི་མ་ནོ་ན་རི་སུན་ད་རི་བི། ཨཽ་ཤྲི་བུ་ཤ་ན་སུན་ད་རི་ཨཱི། ཨོཾ་ཤྲིད་པ་ལ་སུན་ད་རི་མ། ཨོཾ་ཤྲི་ཙ་ཀྵ་མ་ད་མི་ཧི་སུན་དྷ་རི་ཏི།
195b5 ཞེས་པ་འདི་རྣམས་ནི་འབྱུང་པོ་རྒྱལ་མོ་ཆེན་མོ་སྟེ། དཔལ་གྱི་རབ་ཏུ་གྲགས་པའོ།། དེ་ནས་དཔལ་གྱི་བསྒྲུབ་པའི་ཐབས། ཀླགས་པ་ཙམ་གྱིས་དངོས་གྲུབ་སྟེར་བ། དཔལ་རྡོ
195b6 རྗེ་འཆང་གི་མཚན་བརྗོད་པ་ཙམ་གྱིས་འབྱུང་པོ་དང་། འབྱུང་མོ་ཐམས་ཅད་མདགས་གཞུགས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། གང་གི་ཚེ་དམ་ཚིག
195b7 ལས་འདས་ན། འཕྲལ་དུ་འབྱུང་མོ་ཐམས་ཅད་རིགས་རྒྱུད་དུ་བཅས་ཏེ་ཉམས་པར་བྱེད་དོ།། དེ་ནས་འབྱུང་པོ་ཆེན་པོ་གཞན་གྱིས་མི་ཐུབ་པས། འདི་སྐད་ཅེས་གསོལ་ཏོ།། ལྷ་ཆེན
195b8 པོའི་དམ་ཚིག་ལ་གནས་ཤིང་། འཇིག་རྟེན་པའི་སྔགས་ཕྱག་རྒྱའི་ཆོ་ག་ཐམས་ཅད་ཀྱི་དངོས་གྲུབ་བསྩལ་བར་བགྱིའོ།། དཔལ་རྡོ་རྗེ་བཟླས་པ་ཙམ་གྱིས་ཐམས་ཅད་འགྲུབ་པར




iiif viewer powered by OpenSeadragon

195a - 196a

Texts on this page

F519 - 'byung po 'dul ba zhes bya ba'i rgyud kyi rgyal po chen po