e-texts navigator
Collection
Volume
Page
Wylie

195a1 ཁྱུང་། \ུ0f7f། བའི་ཕྱིར་ལྷ་ཐམས་ཅད་དབང་དུ་བྱ་ཞིང་འབྱང་པོ་ཐམས་ཅད་ཚར་བནད་པར་བྱའོ།། དེ་ནས་རིག་སྔགས་འཆང་གི་བདག་པོ་དང་། ལྷའི་བུད་མེད
195a2 ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསྐྱང་དུ་གསོལ། དཔལ་རྡོ་རྗེ་འཆང་རྒྱལ་པོས་བསྐྱབས་དུ་གསོལ།། དེ་ནས་ཁྲོ་བོ་ཆེན་པོ་རྡོ་རྗེ་འཆང་གིས
195a3 འདི་སྐད་ཅེས་གསུངས་སོ།། ཀྱེ་བུད་མེད་རྣམས་གོ་བར་གྱིས་ཤིག། དཔལ་རྡོ་རྗེ་འཆང་རྒྱལ་པོ་ཆེན་པོ་ལ་སོགས་པའི་བསྙེན་བཀུར་བྱོན་ཤིག། དབྱིག་དང་། གསེར་དང་།
195a4 མུ་ཏིག་དང་། རིན་པོ་ཆེ་དང་། བཻ་དཱུརྱ་དང་། པད་མ་ར་ག་དང་། རྫས་ཐམས་ཅད་ཕུལ་ཅིག། དེ་ནས་བུད་མེད་ལ་སོགས་པའི་ལྷའི་བུ་མོ་དང་། གནོད་སྦྱིན་མོ་ཐམས་ཅད་ཀྱིས
195a5 འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འགྲ་མོ་འགུ་མོ་དཔལ་རྡོ་རྗེ་ཁྲོ་བོ་བཟློས་པ་རྣམས་ཀྱི་བྲན་མོ་བགྱིད་དོ།། བསྙེན་བཀུར་བགྱིད་དོ།། གལ་ཏེ་ཁྲོ་བོ་བཟླས་པའི
195a6 བསྙེན་བཀུར་མ་བགྱིས་ན། རིགས་དང་རྒྱུད་བཅས་པ་བརླག་པར་འགྱུརན། དམ་པའི་ཆོས་སྤང་བར་གྱུར་ཅིག། དེ་བཞིན་གཤེགས་པ་ཐམས་ཅད་སྨད་པར་གྱུར་ན། བཅོམ
195a7 ལྡན་འདས་ཀྱིས་ཁྲོ་བོ་རྡོ་རྗེ་སྤྱི་བོ་ཁོས་ཅིག། ལན་བརྒྱར་རྣམ་པར་བཤིག་ཅིང་། ཤི་ནས་མྱུར་བ་ཉིད་དུ་དམྱལ་བ་ཆེན་པོ་བརྒྱད་དུ་འཇུག་པར་གྱུར་ཅིག། དེ་ནས་བྱང་ཆུབ་སེམས
195a8 དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལྷའི་བུད་མེད་ཐམས་ཅད་ཀླུ་མོ་དང་། གནོད་སྦྱིན་མོ་རྣམས་ལ་ལེགསོ་ཞེས་བྱ་བ་བྱིན་ནས། ལྷའི་བུ་མོ་རྣམས་དང་། ཀླུ་མོ་གནོད་སྦྱིན་མོ་རྣམས




iiif viewer powered by OpenSeadragon

194b - 195b

Texts on this page

F519 - 'byung po 'dul ba zhes bya ba'i rgyud kyi rgyal po chen po