e-texts navigator
Collection
Volume
Page
Wylie

194b1 ཅི་མོ་དང་། ན་མཁའ་ལྡིང་མོ་དང་། ལྟོ་འཕྱེ་ཆེན་པོ་དང་། ཤ་ཟ་བ་མོ་དང་། འབྱུང་མོ་དང་། དྲི་ཟ་མོ་རྣམས་ཀྱིས་སྤྱི་བོ་མི་ཕྱེད་པའི་རྡོ་རྗེས་འགྲེས་པར་བྱ་ཞིང་། དམྱལ་བ
194b2 ཆེན་པོ་བརྒྱད་དུ་ལྷུང་བར་བྱའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་སྐད་དུ། ལེགསོ་ལེགས་སོ་ལག་ན་རྡོ་རྗེ་ལེགས་པར་བཤད་དོ།། མི་རྣམས་ལ་ཕན་པའི་ཕྱིར
194b3 བྱང་ཆུབ་སེམས་དཔའ་ཆེན་པོ།། བརྩོན་འགྲུས་དང་སྟོབས་དང་། ཕ་རོལ་གནོན་པ་མི་ཕྱེད་པར་གྲགས་པ། ལྷ་ཐམས་ཅད་ཀྱིས་ཕྱག་བྱས་པས་ཁམས་གསུམ་པའི་རྒྱལ་པོ
194b4 ཆེན་པོ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གུས་པར་བྱེད་པ། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བར་བྱེད་པ། ཁྲོ་བོའི་སྡུག་བསྔལ་ཐམས་ཅད་འཇོམ་པར་བྱེད་པའི་བསྒྲུབ
194b5 བའི་ཐབས་རྒྱ་ཆེན་པོ་གོ་ཆ་སྣ་ཚོགས་པ། ཕྱག་རྒྱ་སྔགས་ཀྱི་ཚིགས་སྒྲུབ་པའི་ཐབས། ཁྲོ་བོའི་རྒྱལ་པོ་བཅོམ་ལྡན་འདས་ཁྲོ་བོའི་བདག་པོས་ཤོད་ཅིག་ཅེས་གསུངས་སོ།།
194b6 དེ་ནས་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་རོ་མཚོ་བར་བྱེད་པའི་སྔགས་གསུངས་པ།། ཨོཾ་ཀད་ཙྪ་ཀང་དྷྭཾ། མྲི་ཏཾ་སཾ་ཛི་ན་པ་ཡ་ཧྲི་ཨ། དེ་ནས་གསུངས་པ་ཙམ་གྱིས་ལྷ་ཐམ
194b7 ཅད་འོས་ཏེ། བརྒྱལ་ཞིང་ས་ལ་འགྱེལ་ནས་ཆེར་གཟིགས་ཤིང་རབ་ཏུ་འདར་བར་གྱུར་ཏེ་གནས། དེ་ནས་ལྷ་ཆེན་པོ་གསོལ་བ། བྱང་ཆུབ་སེམས་དཔའ་ཆེན་པོ་སྐྱོབས
194b8 ཤིག། དེ་ནས་རྡོ་རྗེ་འཆང་འཁྲོ་བའི་བདག་པོས་འདི་སྐད་ཅེས་གསུངས་སོ།། མ་འཇིགས་ཤིག་མ་འཇིག། ཀྱེ་འབྱུང་པོའི་བདག་པོ་ཁྱེད་རྣམས། གཞན་ལས་རྒྱལ་བར་བྱ།




iiif viewer powered by OpenSeadragon

194a - 195a

Texts on this page

F519 - 'byung po 'dul ba zhes bya ba'i rgyud kyi rgyal po chen po