| e-texts navigator |
| Wylie |
194a1 ལས་རྣམ་པར་རྒྱལ་བ་བདེ་བར་གཤེགས་པས་སྐྱབས་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། འབྱུང་བའི་བདག་པ
194a2 ཆེན་པོ་གླིང་བཞི་པ་ཐམས་ཅད་ཀྱི་མི་རྣམས་ལ་འཇིག་རྟེན་གྱི་ཁམས་ཀྱི་དལ་གྱིས་གྲུབ་པ་ཐམས་ཅད་བྱིན་ཅིག། འཛམ་བུ་གླིང་བའི་མི་རྣམས་ལ་དངུལ་ཆུ་དང་། བཅུད་ཀྱིས
194a3 ལེན་པས་རྫས་རྣམས་བསྒྲུབ་ཅིང་། བདེ་བར་བྱིན་ཅིག། དབྱིག་དང་། གསེར་དང་། བཻ་དུར་རྱ་དང་། བད་མ་ར་ག་དང་། མེ་ཤེལ་དང་། ཆུ་ཤེལ་དང་། གོས་དང་། སྤོས་དང་།
194a4 འདོད་པའི་ལོངས་སྤྱོད་དང་། ལྷའི་ན་བཟའ་རྣམས་བྱིན་ཅིག། འདི་བཟློག་པའི་བྲན་དུ་འགྱུར་བར་གྱིས་ཤིག། བསྙེན་བཀུར་བར་གྱིས་ཤིག། དེ་བཞིན་གཤེགས་པ་ཐམས
194a5 ཅད་སློབ་པ་ལ་བཟའ་བ་དང་། བཏུང་བ་དང་། རིན་པོ་ཆེ་དང་། གོས་དང་དྲི་དང་། གདུགས་དང་། མེ་ཏོགས་ལ་སོགས་པ་དང་། ཡོ་བྱད་དང་། རྫས་ཐམས་ཅད་བགེགས
194a6 མེད་པར་བྱིན་ཅིག། རྒྱལ་པོའི་འཇིགས་པ་དང་། དགྲ་ཡིས་འཇིགས་པ་དང་། སེང་གེའི་འཇིག་པ་དང་། སྟག་གིས་འཇིགས་པ་དང་། ཐམས་ཅད་བཟློག་ཤིག། ཀྱེ་ཀྱེ
194a7 གཞན་གྱིས་མི་ཐུབ་པའི་འབྱུང་བའི་དབང་ཕྱུག་ཆེན་པོ་མྱུར་དུ་ཉོན་ཅིག། ལེ་ལོ་ཅན་དང་། ཚུལ་ཁྲིམས་འཚལ་བ་དང་། སྡིག་པ་བྱེད་པ་དང་། རྫུན་སྨྲས་པ་རྣམས་ལ་ཡང་ངེས
194a8 བར་དངོས་གྲུབ་བྱིན་ཅིག། གལ་ཏེ་རིག་སྔགས་འཆང་བ་ལ་དངོས་གྲུབ་མི་སྦྱིན་ན། ཀླུ་མོ་དང་། གནོད་སྦྱིན་མོ་དང་། ས་ལ་འཇོམས་མ་དང་། ལྷ་མ་ཡིན་མོ་དང་། མིའམ