| e-texts navigator |
| Wylie |
193b1 ནས། འབྱུང་པོ་ཐམས་ཅད་ཚར་གཅོད་པའི་སྔགས་ཀྱི་ཚིག་བཀའ་སྩལ་པ། ཨོཾ་བཛྲ་ཛ་ལེ་ཧ་ན་ཧ་ན་སརྦ་དུད་ཏ་ན་ཧཱུཾ་ཕཊ། དེ་ནས་འདི་གསུངས་པ་ཙམ་གྱིས་དཔལ་རྡོ་རྗེ་འཆང་གི་བ་སྤུའི
193b2 བུ་ག་ཐམས་ཅདརྨ་རྡོ་རྗེ་རབ་ཏུ་འབར་བ་དུ་མ་འབྱུང་བར་འགྱུརརོ།། འབྱུང་པོ་དང་། འབྱུང་མོ་ཐམས་ཅད་ཀྱི་ལས་སྐམས་ཤིང་། རྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་ལ་སོགས
193b3 བའི་ལྷ་ཐམས་ཅད་བསད་བར་འགྱུརརོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ངོ་མཚར་དང་བཅས་པས་འདི་སྐད་ཅེས་གསུང་སོ།། ལེགས་སོ་ལེགསོ་དཔལ་ལྡན་རྡོ་རྗེ་འཆང་།
193b4 ཁྲོ་བོའི་བདག་པོ་མ་འོངས་པའི་དུས་ན། འབྱུང་པོ་དང་། འབྱུང་མོ་དང་ཚར་བཅད་པ་ནི་ལེགས་སོ།། དེ་ནས་སྔར་ཡང་རོའི་རྣམ་པར་ཤེས་པ་དགུག་པའི་སྔགས་གསུངས་པ། ཨོཾ
193b5 བཛྲ་ཡུ་ཤེས་ར་ར་སྨིན། དེ་ནས་འདི་གསུངས་པ་ཙམ་ཀྱིས་དཔལ་རྡོ་རྗེ་འཆང་གི་གངས་ཀྱི་བུ་ག་ནས་རླུངས་ཆེན་པོ་རང་འཚོ་བར་བྱེད་པ་འབྱུང་བར་གྱུར་ཏེ། དེ་བྱུང་བ་ཙམ་གྱིས་འབྱུང
193b6 བོ་དང་། འབྱུང་མོ་རྣམས་ཀྱི་ལུས་ལ་ཞུགས་སོ།། ཞུགས་པ་ཙམ་གྱིས་གྱིས་འབྱུང་པོ་དང་། འབྱུང་མོ་རྣམས་ལངས་ཏེ། ཆེར་འཇིགས་ཤིང་རབ་ཏུ་འདར་བར་གྱུར་པས་བ
193b7 ལྡན་འདས་བསྐྱབས་དུ་གསོལ། བདེ་བར་གཤེགས་པ་སྐྱབ་དུ་གསོལ། བཅོམ་ལྡན་འདས་ཀྱི་བཀའ་བཞིན་བགྱིད་དོ།། ཞེས་སྨྲས་སོ།། དེ་ནས་འབྱུང་པོའི་བདག་པོ་གཞན་གྱིས་མི
193b8 ཐུབ་པ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། གསོལ་པ། བཅོམ་ལྡན་འདས་ཁྲོ་བོའི་བདག་པོ་ཆེན་པོ་དཔལ་སྲིད་པ་གསུ