| e-texts navigator |
| Wylie |
193a1 བར་འགྱུརརོ།། འཕགས་པ་ལན་རྡོ་རྗེ་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས།། རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གར
193a2 བ་དང་། ལོ་ཚ་བ་བན་དྷེ་ཀླུའི་དབང་པོས་བསྒྱུར་བ་ལས། སླད་ཀྱིས་ཞུ་ཆེན་གྱི་ལོ་དུ་བ་བན་དྷེ་ཙན་ཏྲས་ཞུས་ནས་གཏན་ལ་ཕབ་པའོ།། སེ
193a3 @།། རྒྱ་ག་དུ།། ཤྲཱི་བྷཱུ་ཏ་ཊ་མ་མ་གཏན་ཏྲ་ར་ཛ་ན་མ།། ། བོད་སྐད་དུ། དཔལ་འབྱུང་པོ་འདུལ་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག
193a4 འཚལོ།། དེ་ནས་འདིར་ནི་བཤད་བྱ་བ།། འབྱུང་པོ་འདུལ་བའི་རྒྱུད་ཆེན་རྒྱལ། འབྱུང་པོ་འབྱུང་མོ་ཀུན་བསྒྲུབ་པའི། ཆོ་ག་རབ་ཏུ་རྒྱས་པའོ།། འདིར་རྡོ་རྗེ་འཆང་ཆེན་པོ་བཅོམ
193a5 ལྡན་འདས་འཇིག་རྟེན་གསུམ་གྱི་བདག་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཆུ་བོ་འདུས་པ་འམ། དུར་ཁྲོད་དམ། ཤིང་གཅིག་པ་འམ། ལྷ་གནས་པའི་ཁང་པ་འམ། དཔལ་རྡོ་རྗེ
193a6 འཆང་གི་ཁྱིམས་འམ། རིགས་ཀྱི་གནས་རྣམསུ་བསྒྲུབ་པར་བྱ་སྟེ། དེ་མ་ཐག་དུ་འགྲུབ་པར་འགྱུརརོ།། གལ་ཏེ་མ་འགྲུབ་ན་འབྱུང་པོ་དང་། འབྱུང་མོའི་རིགས་དང་། རྒྱུད་དུ་བཅས
193a7 བ་ལུས་པར་བརླག་པར་འགྱུརརོ།། དེ་ནས་དབང་ཕྱུག་ཆེན་པོ་ལྷ་ཆེན་པོས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།
193a8 ཁྲོ་བོའི་བདག་པོ་ཆེན་པོ་གདུག་པ་དང་། མ་རུང་བ་རྣམས་གསོད་པར་བྱེད་པའི་སྔགས་ཀྱི་ཚིག་བཤད་དུ་གསོལ། དེ་ནས་དབང་ཕྱུག་ཆེན་ལྷ་ཆེན་པོ་ལ་ལེགས་སོ་ལེགསོ་ཞེས་བྱ་བ་བྱི།