| e-texts navigator |
| Wylie |
191b1 པོ་དང་། མི་དང་མི་མ་ཡིན་པ་དེ་དག་ཐམས་ཅད་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། བཅོམ་ལྡན་འདས་དང་། ལག་ན་རྡོ་རྗེ་གསུང་བ་ལ་མངོན་པར
191b2 བསྟོད་དོ།། འཕགས་པ་རྡོ་རྗེའི་རི་རབ་ཆེན་པོའི་ཁང་པ་རྩེགས་པའི་བཟུངས།། རྫོགས་སྷོ།།
191b3 རྒྱ་གར་སྐད་དུ། ཨརྱ་ནི་ལཾ་བྷ་ར་བྷ་ར། བཛྲདྷ་ནི་ཀ་ལ་བ་མ་ན་མ་དྷ་ར་ནི། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་ཆོ
191b4 ག་ཞེས་བྱ་བའི་བཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་གོས་སྔོན་པོ་ཅན། སངས་རྒྱས་གང་ག་རླུང་གིས
191b5 བྱེ་མ་སྙེད་ཀྱིས་རྗེསུ་གནང་བ། མཆེ་བ་གརྩིགས་པ་དང་འཚམ་པ། མིག་མེ་མདག་གི་ཕུང་པོ་འདྲ་བ། དབུག་མེ་ལྕེ་ལྟར་འབར་བ། འཇིགས་པའི་ང་རོ་ཅན། ལག་པ་དང
191b6 རྐང་པ་ཀླུ་ནོར་རྒྱ་སྟ་བུས་བརྒྱན་པ། ཀླུ་ནག་པོས་སེ་རལ་ཁར་ཐོགས་པ། ཀླུ་དགའ་བོ་དང་། ཉེར་དགའ་བོས་རྣ་བརྒྱན་བྱས་པ། སྦྲུལ་འབར་བ་རིན་པོ་ཆེའི་ཅོད་པན་ཐོག་པ
191b7 སྦྲུལ་གདུག་པ་འབར་བ་ཟ་བ། བཞིན་རྒྱས་པ། སྨིན་མ་དང་དཔྲལ་བར་བསྡུས་པ། ཡ་སོས་མ་མཆུ་མནན་པ། གཤིན་རྗེའི་ཆ་བྱད་ཅན། ལྕེ་ཀློག་ལྟར་འགྱུ་བ། གསུས
191b8 བཻ་ཆེ་སྦྲུལ་ཟ་བ། ལགས་བརྡངས་པའི་སྒྲས། འཇིགས་པར་བྱེད་པ། ཀླུའི་རྒྱལ་པོ་འདབ་བཟངས་སྐྱེ་རགས་སུ་བཅིངས་པ། ཨ་ལ་ལ་ཞེས་སྒྲོགས་པར་བྱེད་པ། རྒྱ་མཚོའི