| e-texts navigator |
| Wylie |
191a1 ཀྱིས་མཆོད་པ་ཆེན་པོའི་སྤྲིན་ཀུན་ཏུ་བསྟན་པ་ཞེས་བྱ་བར་ཟུང་ཤིག། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་སྒྲིབ་བ་མེད་པ་བསྐོར་བ
191a2 ཞེས་བྱ་བར་ཟུང་ཤིག། དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་ལ་མཁས་པ་ཞེས་བྱ་བར་ཟུང་ཤིང་། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པར་བྱེད་པ་ཞེས་བྱ་བར་ཟུང
191a3 ཤིག། བདུད་ཀྱི་ཕྱོགས་འདུལ་ཞེས་པར་ཡང་ཟུང་ཤིག། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པར་རབ་ཏུ་རྫོངྒ་ཞེས་བྱ་བར་ཟུང་ཤིག། དམ་པའི་ཆོས་ཀྱི་ཕྱག་རྒྱའི་མཚན
191a4 ཉིད་ཅེས་བྱ་བར་ཡང་ཟུང་ཤིག། རིག་སྔགས་དང་དཀྱིལ་འཁོར་དང་། ཕྱག་རྒྱ་དང་དམ་ཚིག་ཐམས་ཅད་ལ་རབ་ཏུ་འཇོམས་པ་ཞེས་བྱ་བའི་ཡང་ཟུང་ཤིག། ལག་ན་རྡོ་རྗེ་རྣམ
191a5 པར་ཐར་ས་པ་ཆེན་པོའི་ཏིང་ངེ་འཛིན་ཀྱི་ཆོ་འཕྲུལ་ཞེས་བྱ་བར་ཟུང་ཤིག། རྡོ་རྗེ་རི་རབ་ཆེན་པོའི་ཁང་པ་བརྩེགས་པའི་གཟུངས་ཤེས་བྱ་བར་ཡང་ཟུང་ཤིག། དེ་ནས་ཆེ་དང་ལྡན
191a6 བ་ཀུན་དགའ་བོས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ལེགསོ་ཞེས་གསོལ་ནས། མངོན་པར་དགའ་ནས་ཅང་མི་སྨྲས་པར་གྱུར་ཏོ།། དེ་ནས་བྱམས་པ་ལ་སོགས་པ་བསྐལ
191a7 པ་བཟང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ལ་སོགས་པ་ཕྱོགས་བཅུའི་འཇིག
191a8 རྟེན་གྱི་ཁམས་ནས་འདུས་པ་དེ་དག་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྷོ་ཕྱེ་ཆེན