e-texts navigator
Collection
Volume
Page
Wylie

190b1 སུ་རྫོགས་པར་བྱ་བ་ལ་མཁས་པར་འགྱུར་རོ།། སེམས་ཅན་ཡོངསུ་སྨིན་པར་བྱ་བ་ལ་མཁས་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་ཆེ་ཞིང་མཐའ་ཡས་པ་ལ་རྫུ་འཕྲུལ་དང་ལྡན་པར
190b2 འགྱུར་རོ།། ནམ་བྱང་ཆུབ་སེམས་ཀྱི་སྙིང་པོ་ལ་འདུག་གི་བར་དུ་དེ་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་འགྱུར་རོ།། ཚེ་འདི་ཉིད་ལ་བགེགས་དང་ལོག་འདྲེན་དང་། རིགས་སྔགས་འཆ
190b3 གྲུབ་པ་དང་། འབྱུང་པོ་དང་། གནོད་སྦྱིན་གྱི་ཚོགས་དང་། མ་མོ་དང་། ཡི་དགས་དང་། ཤ་ཟ་དང་། ལྷ་དང་ཀླུ་དང་། གནོད་སྤྲིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང
190b4 དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ལ་སོགས་པ་ཐམས་ཅད་ཀྱིས་མི་ཐུབ་པར་འགྱུརརོ།། དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ།། ནད་ཐམས་དང་བྲལ་བར་འགྱུརརོ།།
190b5 སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས། བར་དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུརརོ།། དེ་ལ་རིགས་སྔགས་ཐམས་ཅད་གྲུབ་པར་འགྱུར་རོ།། དེ་ལ་ཐམས་ཅད
190b6 ཀྱང་བསྲུང་ཞིང་སྦེད་པ་དང་། ཡོངསུ་སྐྱོབས་པར་འགྱུརརོ།། དེའི་རྩོམ་པ་ཐམས་ཅད་བྱ་སླ་བར་འགྱུརརོ།། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས
190b7 ཅད་ཀྱི་ཚིག་ལ་འཇུག་པར་འགྱུརརོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམས་གྲངས་འདིའི་མིང་ཅི
190b8 ལགས། འདི་ཇི་ལྟར་བཟུང་བར་བགྱི། བཅོམ་ལྡན་འདས་ཀྱི་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི། བྱང་ཆུབ་སེམས་དཔའ




iiif viewer powered by OpenSeadragon

190a - 191a

Texts on this page

F517 - 'phags pa rdo rje'i ri rab chen po'i rtse mo'i khang pa brtsegs pa'i gzungs