e-texts navigator
Collection
Volume
Page
Wylie

190a1 ཁང་རྗེག#པོར་བན་པ་དང་། བདེ་བ་དང་ཐ་མར་དེ་བཞིན་གཤེགས་པའི་ཡེ་ཤེས་བླ་ན་མེད་པའི་ཆགས་པ་མེད་པ་ལ་སྒྲིབ་པ་མེད་པ་ཐོབ་པར་གྱུར་རྟོགས་པར་འགྱུརརོ།།
190a2 སུ་ཆོས་ཀྱི་རྣམ་གྲངས་འདི་འཆངས་པ་དང་། ཀློག་པ་དང་། འཛིན་དུ་འཇུག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། མཆོད
190a3 པ་དང་། ཡི་གེར་དྲི་བ་དང་། ཡི་གེ་འབྲིར་འཇུག་པ་དང་། ཁ་ཏོན་བྱེད་པ་དང་། ཉན་པ་དང་། སེམས་དཔའ་དེ་ཡུན་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ
190a4 ཏུ་མངོན་པར་རྫོགས་པར་འཚང་བར་འགྱུར་རོ།། འདི་ནས་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ། ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ།། རིགས་དམའ་བ་རྣམསུ་སྐྱེ་བ
190a5 མི་འགྱུ་རོ།། དབུལ་བའི་རིགས་རྣམསུ་སྐྱེ་བར་མི་འགྱུར་རོ།། ཤེས་རབ་མེད་པ་མ་ཡིན། མ་དུལ་བར་མ་ཡིན། ཆེ་ཐུང་བ་མ་ཡིན། ཆེ་རབ་སུ་ཆེ་རབས་དྲན་པར་འགྱུརརོ།། བྱང་ཆུབ
190a6 ཀྱི་སེམས་བརྗེད་པར་མི་འགྱུར་རོ།། ཐོས་པ་འཛིན་པར་འགྱུརརོ།། རབ་དབེན་པ་ལ་མངོན་པར་དགའ་བར་འགྱུརརོ།། འཁོར་དད་པ་ཅན་མ་ཡིན་པར་མི་འགྱུར་རོ།། ཚིག་བཟུང་བར་འོས་ཤིང
190a7 སྨན་པར་འགྱུརརོ།། བཀལ་བ་བཟང་ཞིང་གཟུགས་བཟང་བར་འགྱུར་རོ།། ཤེས་རབ་ཆེན་པོ་དང་། སྤོབས་པ་ཆེན་པོ་དང་། དབང་དང་ལྡན་པར་འགྱུརརོ།། དེ་བཞིན་གཤེགས་པ་ཐམས
190a8 ཅད་མཉེས་པར་བྱ་བ་ལ་མཁས་པར་འགྱུ་རོ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པར་འགྱུརརོ།། སྡིག་པའི་གྲོགས་པོ་ཡོངསུ་སྤངས་པར་འགྱུརརོ།། ཕ་རོལ་ཏུ་ཕྱིན་པ་ཡོད




iiif viewer powered by OpenSeadragon

189b - 190b

Texts on this page

F517 - 'phags pa rdo rje'i ri rab chen po'i rtse mo'i khang pa brtsegs pa'i gzungs