e-texts navigator
Collection
Volume
Page
Wylie

189a1 དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལོ།། བདག་ལ་གསང་སྔགས་ཀྱི་བཞི་རྣམས་གྲུབ་པར་གྱུར་ཅིག་སོཧཱ། དེ་བཞིན་གཤེགས
189a2 བ་རང་གི་སྙིང་པོ་དང་། ལྷ་ཐམས་ཅད་ཀྱི་སྙིང་པོ་འདི་གསུངས་པ་ན། ཐམས་ཅད་དང་ལྷའི་འཁོར་དེ་འཇིགས་སྔངས་སྐལ་པར་གྱུར་ནས། ཆུ་ཤིང་གིས་ཆེར་རླུང་དྲག་པོས
189a3 བསྐྱོད་དོ། རྩ་བ་ཆད་པ་བཞིན་དུ་གཡོས་ཞིང་འགུལ་ལ་སྙིང་ཚིག་སྟེ། རྡོ་རྗེ་ཕུར་བུས་བཏབ་པ་བཞིན་དུ་ཟུག་ཅིང་ཞིག་ས་ལ་འགྲེ་ཞིང་སྐྱབས་བཙལ་བའི་ཕྱིར། འདུ་ཤེས
189a4 ཙམ་གྱིས་སངས་རྒྱས་བཅོམ་ལྡན་འདས་འབོད་པ་དང་། བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ལྷའི་འཁོར
189a5 འདི་སློང་ཤིག། ངས་དམ་ཚིགས་ཡོངསུ་འཛིན་དུ་འཇུག་གོ། རིགས་སྔགས་གྲུབ་པ་འབྱོར་པར་བྱེད་པའི་སྙིང་པོ་ལ་གཞོལ་བར་སྒྲུབསོ།། དེ་སྐད་ཅེས་བཀའ་སྩལ་པ་དང་།།
189a6 གསང་བའི་བདག་པོ་ལག་ན་རྡོ་རྗེ་གསང་བའི་སྙིང་པོ་འདིར་ལྷའི་འཁོར་དེ་དག་ཐམས་ཅད་སྣང་ངོ་།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན
189a7 པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ།། ། ཨོཾ་ཀི་ལི་ཀི་ལི། བཱ་ལ་ཀི་ལ་ཡ་སྭཱ་ཧཱ། བཅོམ་ལྡན་འདས་འདི་ནི་བདག་གི་སྙིང་པོ་མཆོག་ཏུ་གསང་བ་ལགས་ཏེ།
189a8 རིགས་སྔགས་ཐམས་ཅད་གྲུབ་པར་བགྱིད་པ་ལགས་སོ།། དེས་བདག་ཀྱང་དྲངས་ནས་གཞན་གྱིས་མ་པ་ཏང་བར་མཆིའོ།། དབང་དུ་མཆིའོ།། དངོས་གྲུབ་སྩལ་བར་བགྱིའོ།།




iiif viewer powered by OpenSeadragon

188b - 189b

Texts on this page

F517 - 'phags pa rdo rje'i ri rab chen po'i rtse mo'i khang pa brtsegs pa'i gzungs