| e-texts navigator |
| Wylie |
187b1 མི་འམ་ཅི་དང་། ལྷོ་འཕྱེ་ཆེན་པོ་དང་། མ་མོའི་གདོད་ཀྱི་ཚོགས་དང་། འབྱུང་པོ་དང་། བརྗེད་བྱེད་དང་། སྐེམ་བྱེད་སྒྲུབ་པ་དང་། སྤྲུལ་འཛིན་དང་བཅས་པ་དང་། གནོན་པོ་དང་།
187b2 མ་མོ་དང་། ཡི་དགས་དང་། ཤ་ཟ་དང་། བྲམ་ཟེ་སྲིན་པོ་དང་། མཁའ་འགྲོ་དང་། ཕྱོགས་དང་། ཕྱོགས་འམས་དང་། མཁར་དང་། རི་དང་སའི་ལྷ་ལ་སོགས་པ་སྡང་བ་གནོད
187b3 དང་། དགེགས་དང་ལོག་འདྲེན་ཐམས་ཅད་དང་། དེ་མ་ཡིན་པ་གཞན་ཡང་ལྷ་དང་མི་དང་། ལྷ་མ་ཡིན་དང་བླ་གོས་རྣམས་ཕྲག་པ་ཅིག་ཏུ་བཟེར་སྟེ། པུས་མོ་གཡས་པའི་ལྷ་ང་ས
187b4 ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་གིས་བདག་ཅག
187b5 གཟིར་ཅིང་ཉེ་བར་གཟིག་པས། རིག་སྡུག་འཆང་ཐམས་ཅད་ལ་དངོས་གྲུབ་སྩོལ་བ་དང་། དམ་ཚིག་ཐམས་ཅད་དུ་འཇུག། པ་ལ་ཡང་དག་པར་གནོད་པར་བགྱིད་པར་འགྱུར་བ་རང
187b6 གི་སྙིང་པོ་བདག་ཅག་ལ་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ལ་སོགས་པ་ལྔའི་ཚོགས་དེ་དག་ལ་ལེགསོ་ཞེས་བྱ་བ་བྱིན་ཏེ། གྲོགས་པོ་དག་གང་གི
187b7 ཕྱིར། ཁྱེད་ཅག་འདི་ལྟར་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་ནི་ལེགས་སོ་ལེག་སོ།། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་རང་གི
187b8 སྙིང་པོ་བསྟན་པར་བྱའོ།། དེ་དག་གིས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏོ།། དེ་བཅོམ་ལྡན་འདས་ཀྱིས་ལྷའི་རྔ་བོ་ཆེ་དང་། རྒྱ་མཚོ་དང་། སྤྲིན་ཆེན་པོ་དང་། སྒྲ