e-texts navigator
Collection
Volume
Page
Wylie

187a1 ལྡོག་པར་བྱ་བའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན
187a2 གྱི་ཁམས་འདི་དང་། དེ་མ་ཡིན་པ་སངས་རྒྱས་ཀྱི་ཞིང་གཞན་དཔག་ཏུ་མེད་ཅིང་གྲངས་མེད་པ་ལ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ཀྱང་རྣམ་པ་དྲུག་དུ་གཡོསོ།། །
187a3 གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་ཆོས་ཀྱི་དགའ་བ་དང་། མཆོག་པའི་ཕྱིར་ན་མཁའི་དཀྱིལ་ནས་རྔ་རྣམས་མ་རྡུང་བར་ཀུན་ནས་སྒྲ་བྱུང་ངོ་།། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ
187a4 གྱི་གཞལ་མེད་ཁང་གིས་ཁང་པ་བརྩེགས་པ་རྣམསུ་ཀུན་སིལ་སྨན་དང་། ཕེག་རྡོ་བ་དང་། ཀླུ་དབྱངས་པས་ལྷའི་བུ་མོ་རྣམས་གར་བྱེད་དོ།། སྤོས་དང་། བྱུག་པ་དང་། གདུག་པ
187a5 དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། དཔག་བསམ་གྱི་ཤིང་ལྗོན་པ་དང་། རིན་པོ་ཆེ་དང་། མུ་ཏིག་གི་རྒྱན་ཕྲེང་དང་། མེ་ཏོག་པང་མ་དང་།
187a6 ཀུ་མུ་ཏ་དང་། ཨུད་པ་ལ་དང་། དྲི་མཆོག་དང་། སྣ་བའི་མེ་ཏོག་དང་། པ་རི་ཤ་ཀ་དང་། པ་རི་ཤ་ཀ་ཆེན་པོ་དང་། གཏང་གཟུངས་དང་། གཏང་གཟུངས་ཆེན་པོ་དང་། མན་དྷ་ར་བ
187a7 དང་། མན་དྷ་ར་བ་ཆེན་པོ་དང་། མཉྫ་ཤ་ཀ་དང་། མཉྫ་ཤ་ཀ་ཆེན་པོ་དང་། ཀུན་ནས་སྐྱེས་དང་། ཀུན་ནས་སྐྱེས་ཆེན་པོའི་མེ་ཏོག་གི་ཆར་གྱི་སྤྲིན་ཀུན་བབ་པོ།། སྤོས་ཆུའི་ཆར་གྱི
187a8 སྤྲིན་ཀྱང་མངོན་པར་བབ་བོ།། དེ་ནས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། རྒྱ་བྱིན་དང་། འཇིག་རྟེན་སྐྱོང་དང་། གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་།




iiif viewer powered by OpenSeadragon

186b - 187b

Texts on this page

F517 - 'phags pa rdo rje'i ri rab chen po'i rtse mo'i khang pa brtsegs pa'i gzungs