e-texts navigator
Collection
Volume
Page
Wylie

186b1 སྩལ་ཏོ།། གསང་བའི་བདག་པོ་ལག་ན་རྡོ་རྗེ་ཁྱོད་ཀྱིས་གང་མདོ་སྡེ་ཟབ་མོ་འདི་ལྟ་བུ་འདི་གསལ་བའི་ཚིག་གི་དོན་བཞིན་དུ་སེམས་ཅན་ལ་ལུང་བསྟན་ཅིང་བཤད་དེ་བཀྲོལ་ཞིང
186b2 རྣམ་པར་ཤེས་ཕྱེ་བ་ལེགས་སོ་ལེགས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཀྱ་ཐུབ་པས་གསང་བའི་བདག་པོ་ལག
186b3 ན་རྡོ་རྗེ་ལ་ཇི་ལྟར་ལེགསོ་ཞེས་བྱ་བ་བྱིན་པ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམསུ་རྟོགས་པའི་དེ་བཞིན་དེ་ཐམས་ཅད་ཀྱིས་ཀྱང་།། གསེང་བའི་བདག་པོ་ལག་ན་རྡོ་རྗེའི་མགོ
186b4 བོ་ལ་བཞག་སྟེ། ཆེད་དུ་བཀའ་སྩལ་ཅིང་ལེགསོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདི་འཇིག་རྟེན་གྱི་ཁམས་མང་པོ་དག་ན་མིང་འཛིན་པ་ཡང་དཀོན་ན། རབ
186b5 ཏུ་གསལ་བར་བྱེད་པ་ལྷ་ཅི་སྨོས།། གསང་བའི་བདག་པོ་ལག་ན་རྡོ་རྗེ་ཆོས་ཀྱི་རྣམས་གྲངས་འདི་བཤད་པ་ན། ལྷའི་བུ་གང་དགི་ཀླུང་ཚད་མེད་གྲངས
186b6 མེད་དཔག་ཏུ་མེད་པ་བྱེ་མའི་རྡུལ་ཕྲ་རབ་ཀྱི་རྡུལ་ལས་ཤིན་ཏུ་འདས་པ་རྙེད། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེསོ།། དགེ་སློང
186b7 དང་། དགེ་སློང་མ་དང་། དགེ་སྙེན་དང་། དགེ་བསྙེན་མ་དང་། ལྷ་དང་ཀླུ་དང་། གནོད་སྤྲིན་དང་། དྲི་ཟ་དང་། ལྷ་མ་ཡ་ནི་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་།།
186b8 ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རབ་ཏུ་མང་པོ་དག་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ཏེ། དེ་བས་ཀྱང་ཆེས་མང་བའི་སེམས་ཅན་རྣམས་ཕྱིར་མི




iiif viewer powered by OpenSeadragon

186a - 187a

Texts on this page

F517 - 'phags pa rdo rje'i ri rab chen po'i rtse mo'i khang pa brtsegs pa'i gzungs