| e-texts navigator |
| Wylie |
186a1 ཐེག་པ་ཆེན་པོའི་བླ་ན་མེད་པའི་ཆོས་ཀྱི་ཚུལ་ཅིག་ཏུ་བརྒྱན་ཏེ། གནས་པར་བྱས་པ་དང་། ཅིག་ནས་ཅིག་དུ་ལུང་བྱིན་པས་ཐོས་པ་དང་། བསམ
186a2 བ་དང་། སྒོམ་པ་ལས་བྱུང་བའི་ཤེས་རབ་དང་། ཡེ་ཤེས་གོམས་པ་རྣམ་འབྱོར་དུ་གྱུར་པ་རྒྱུན་མི་ཆང་བ་དང་། བསྐལ་པ་ཡོད་ལ་ཡོངས་སུ་སྨིན་པ། ཡོངསུ་སྨིན་པར་བྱ་བའི
186a3 འོས་སུ་གྱུར་པའི་དོན་གྱི་ཕྱིར་བོགས་ཙམ་གྱི་སྒོ་ཞིག་མདུན་བྱས་ཏེ། འཇུག་པར་བྱེད་པ་ཅུང་ཟད་ཅིག་བཤད་པར་བྱའོ།། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་ད་ཏི་བུ
186a4 མཆོག་ཏུ་ངོ་མཚར་དུ་གྱུར་ཅིང་རྨད་དུ་བྱུང་བར་གྱུར་ཏེ། དགའ་བ་ཐོབ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ལེགསོ་ལེགས་སོ།།
186a5 གང་གི་ཕྱིར་ཁོ་བོ་ཅག་ལྟ་བུ་ཉི་ཆེ་བའི་ཤེས་པ་དང་ལྡན་པ། གཞན་གྱི་སྒྲ་སྐྲག་པའི་རྗེས་སུ་འགྲོ་བའི་ཉན་ཐོས་རྣམས་ལ་ཆོས་ཟབ་མོའི་ཚིག་དོན་འདི་ལྟ་བུ་གསལ་བར་བྱས་པ
186a6 ནི། རིགས་ཀྱི་བུ་ཁྱོད་ཀྱང་ལེགས་སོ།། ལག་ན་རྡོ་རྗེས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་ཏེ། དེ་སྐ་སྨྲས་པ་དེ་བཞིན། བཙུན་པ་ཤ་ར་དྭ་ཏིའི་བུ་ཏིང་ངེ་འཛིན་འདིའི
186a7 མིང་ཅི་ཞེས་དེ་སྐད་ཟེར་བའི་ཏིང་ངེ་འཛིན་འདིའི་མིང་རྡོ་རྗེ་རྣམ་པར་ཐར་པའི་སྒོ་ཆེན་པོ་ཞེས་བྱ་བའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱགས་པ་གསེར་གྱི་མདོག་ཅན་དུ་བརྐྱང་སྟེ།
186a8 ཕྱག་གཡས་པ་འམ་ཞིང་མཉེན་ལ་ཤིན་ཏུ་བཞོན་ཆ་ཆགས་པས། གསང་བའི་བདག་པོ་ལག་ན་རྡོ་རྗེའི་མགོ་ལ་བཞག་སྟེ། ཆེད་དུ་བཀའ་སྩལ་པ། འདི་སྐད་ཀྱང་ཆེད་དུ་བཀའ