| e-texts navigator |
| Wylie |
185b1 དང་། ཕྱི་མའི་མཐའ་ཡོངསུ་མ་ཆད་པར་གནས་པ། དུས་གསུམ་དང་། ཕྱོགས་ལ་མགོ་རྨོངས་པ་སྐྱེས་པ་དང་། དགའ་བ་ལ་སོགས་པ། ནད་དང་མྱ་ངན་དང་། སྨེ
185b2 སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་ལ་སོགས་པས་ཉིན་ཅིག་བཞིན་དུ་བཅོམ་པའི་སེམས་ཅན་རྣམས་ཀྱི་སེམས་ཅན་གྱི་ཁམས
185b3 མ་རྒལ་བསྒྲལ་བ་དང་། མ་གྲོལ་བ་གྲོལ་བ་དང་། དབུགས་མ་ཕྱུང་བ་དབུགས་བྱུང་བ་དང་། ཡོངསུ་མྱ་ངན་མ་འདས་ཡོངསུ་མྱ་ངན་ལས་བཟླ་བ་དང་། ཆོས་ཀྱི་རྣམ་གྲངས
185b4 འདི་ལ་འབྲུས་པ་དང་། གནས་ཐམས་ཅད་གྱུར་པའི་ལམ་ལ་དགོད་པ་དང་། མྱ་ངན་ལས་འདས་པ་ཤིན་ཏུ་བདེ་བ་དོན་དམ་པ། ཞི་བ་ཁྲུགས་པ་མེད་པ། དགེ་བ་ནད་མེད་པ།།
185b5 སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱི་དབྱིངས་མཉམ་པ་ཉིད་ཀྱིས་མི་མཉམ་པ་ཉིད་མ་ཞི་མ་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན།།
185b6 བའི་མ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སྤང་བ་དང་། དེ་ཡང་དག་པར་འཛིན་དུ་འཇུག་པ་དང་། ཡང་དག་པར་བཟེངས་བསྟོད་པ་དང་། ཡང་དག་པར་རབ་ཏུ་དགའ་བར་བྱ་བ
185b7 དང་། དགའ་བ་དང་། དང་བ་དང་མགུ་བའི་ས་ལ་ཡང་དག་པར་བཟུད་པ་དང་། ཆོས་རྟོགས་པའི་ཁྱད་པར་བརྗོད་པ་དང་། རྒྱ་མཚོ་ཆེན་པོ་ལྷར་འདུལ་བའི་སེམས་ཅན་ཡོངསུ
185b8 སྨིན་པར་བྱ་བའི་དུས་དང་ཆོད་ལས་མི་འདའ་བར་བྱ་བ་དང་། དེའི་དབང་དུ་བྱས་སྟེ། སྐྱེ་བོའི་ཚོགས་ཆེན་པོའི་དོན་དང་། ཕན་པ་དང་བདེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་།