e-texts navigator
Collection
Volume
Page
Wylie

185a1 རྟགས་དང་། དབྱིངས་དང་། རྣམ་པར་རྟོག་པའི་སྤྱོད་ཡུལ་དང་། བྱ་བ་བསྟན་པའི་སྦྱོར་བ་རྣམས་ཀྱིས་ཀྱང་བསྟན་པར་མི་སྤྱོད་མོད་ཀྱི།
185a2 འོན་ཀྱང་དེ་བཞིན་གཤེགས་པའི་སོ་སོ་རང་གི་རིག་པའི་ཐུགས་ཀྱི་གསང་བ་ཡིན་པར་ཤེས་པར་བྱའོ།། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ནི་དེའི་ཕྱིར་རྣམ་གྲངས་འདིས་ཀྱང་འདི་ལྟར
185a3 རིགས་པར་བྱ་སྟེ། བདག་ཅག་ལྷ་བ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་རྣམས་ཀྱིས་བསྟན་པ་ལྷ་སྨོས་ཀྱང་ཅི་དགོས། འོན་ཀྱང་དེ་བཞིན་གཤེགས་པའི་སོ་སོ
185a4 རང་གི་རིག་པའི་ཐུགས་ཀྱི་གསང་བ་ཡིན་པར་ཤེས་པར་བྱའོ།། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ནི་དེའི་ཕྱིར་རྣམ་གྲངས་འདིས་ཀྱང་འདིས་ལྷར་རིག་པར་བྱ་སྟེ། བདག་ཅག་ལྟ་བུ་བྱང་ཆུབ
185a5 མངོན་པར་རྫོགས་པར་སངས་རྒྱས་པ་རྣམས་ཀྱང་བསྟན་པ་ལྷ་སྨོས་ཀྱི་ཅི་དགོས། འོན་ཀྱང་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་གྱིས་སེམས་ཅན་གྱི་ཁམས་མཐའ
185a6 ཡས་མུ་མེད་པའི་བསམས་པ་དང་། ལྷག་པའི་བསམ་པ་དང་། མོས་པ་དང་། བློ་གྲོས་དང་། བློ་དང་། རྟོགས་པ་དང་། མངོན་པར་འདོད་པ་མཐའ་ཡས་མུ་མེད་པ་དང་།
185a7 སེམས་ཅན་གྱི་རྒྱུན་རྣམ་པ་ཐ་དད་པ་སྣ་ཚོགས་ཀྱི་རྗེསུ་འགྲོ་བའི་སྤྱོད་ཡུལ་དང་། སྐྱེ་གནས་སྣ་ཚོགས་དང་ལྷན་ཅིག་སྐྱེས་པའི་ལམ་སྣ་ཚོགས་དང་། མི་ཤེས་པ་དང་། མ་རིག
185a8 པའི་མུན་པ་དང་། མི་སྣང་བ་དང་། མུན་ནག་དང་། འགྲོ་བ་ལྔ་དང་། འགྲོ་བ་དྲུག་དང་། ཁམས་གསུམ་པ་ཐོགས་མ་དང་། དབུས་དང་འཇིག་པར་གནས་པ་སྔོན་གྱི་མཐའ




iiif viewer powered by OpenSeadragon

184b - 185b

Texts on this page

F517 - 'phags pa rdo rje'i ri rab chen po'i rtse mo'i khang pa brtsegs pa'i gzungs