| e-texts navigator |
| Wylie |
184b1 དེ་གཞོལ་ཞིང་མི་རྟག་པ་དང་། བདག་མེད་པ་དང་། སྤོང་བ་དང་། གསོང་དང་། གསོག་དང་། དངོས་པོ་ཐམས་ཅད་དངོས་པོ་མེད་པར་ཡང་དག་པར་སྟོན་པའོ།། མདོར་བསྡུན་འདོད
184b2 ཆགས་དང་། ཞེས་སྡང་དང་། གཏི་མུག་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་སེལ་ཞིང་། ཆོས་ཀྱི་དབྱིངས་ན་མཁའ་མཐའ་ཡས་པ་སྐྱེ་མཆེད་དང་མཉམ་པ
184b3 ཡང་དག་པར་སྟོན་སྟེ། དམིགས་པ་བྲལ་བ་འདི་ནི་འདིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་བཞིན་ཉིད་དང་། སྟོང་པ་ཉིད་དང་། མཐའ་ལས་འས་པ་སྟོང་པ་ཉིད་དང་།
184b4 ཕྱི་མའི་མཐའ་སྟོང་པ་ཉིད་དང་། ཆོས་ཀྱི་དབྱིངས་ཀྱི་རང་གི་རང་གི་ངོ་བོ་ཉིད་གང་ཡིན་པ་འདི་ནི་འདི་ནི་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིར་པའོ།། བཙུན་པ་ཤ་ར་ད་ཏིའི་བུ་འདི་ནི་ཡེ
184b5 ཤེས་ཀྱི་ཚོགས་སོ།། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་འདི་ཉིད་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་། ཤེས་པ་དང་། ཤེས་བྱ་མཐའ་ཡས་དག་དང་།
184b6 བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་རྟོགས་པར་བྱེད་པ་དེ་ཉིད་བཙུན་པ་ཤ་ར་དྭ་ཏིའི་བུ་འདི་དེ་བཞིན་གཤེགས་པའི་སྐུའི་གསང་བ་མདོར་བསྡུས་ཏེ།
184b7 བསྟན་པའོ།། རྒྱ་ཆེར་རྣམ་པར་དབྱེ་བ་ནི། གལ་ཏེ་དེ་བཞིན་གཤེགས་པ་ཉིད་ཀྱི་སྐུ་ཆེའི་ཚེམ་ཚད་བསྐལ་པར་བཞུགས་ཏེ། བསྟན་ཅིང་བཤད་ཀྱང་མཐར་ཕྱིན་པར་མི་འགྱུརརོ།།
184b8 སྐུའི་གསུང་བ་ཇི་ལྟ་བ་བཞིན་དུ་གསུང་གི་གསང་བ་ཡང་དེ་བཞིན་ནོ།། ཐུགས་ཀྱི་གསང་བ་ནི་དེ་བཞིན་གཤེགས་པས་རྣམ་པ་དང་། སོ་སོའི་རྣམ་པ་དང་། ཁ་དོག་དང་།