e-texts navigator
Collection
Volume
Page
Wylie

114a1 ལས་རྣམ་པར་གྲོལ་བ་དང་། སྐྱེ་བ་དྲན་པར་གྱུར་པ་ངས་དྲན་ནོ།། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་སྨོས་ཤིག། ཕྱི་མའི་དུས་ན་འཇིག་རྟེན་གྱི་ཁམས
114a2 ཀུན་ནས་ཉོན་མོངས་པ་ཅན་དུ་སེམས་ཅན་སྡིག་པ་བྱེད་པ། མཚམས་མེད་པ་བྱེད་པ། བྱེ་བ་ཁྲིག་ཁྲིག་འབུམ་ཕྲག་དུ་མའི་སྡིག་པ་ཟད་པ་དང་། ཕན་པ་དང་བདེ་བར་འགྱུར། མགོན་མེད
114a3 པ་རྣམས་ཀྱི་མགོན་དུ་འགྱུར་རོ།། ངས་ཀྱང་གནས་ཞིང་རྗེས་སུ་ཡིད་རང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ
114a4 བཟང་པོས་སྤྱན་རས་གཟིགས་དབང་ཕྱུག་གི་མ་ཞེས་བྱ་བའི་གཟུངས་ཀྱི་རིག་སྔགས་ཀྱི་གསང་སྔགས་ཀྱི་བཞི་འདི་དག་སྨྲས་སོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།
114a5 བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ། འཕགས་པ་སྤྱན་རས
114a6 གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། དེ་དག་ལ་ཕྱག་བྱས་ནས། སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས། ང་རིག་སྔགས་ཆེན་པོའི་གསང་སྔགས་ཀྱི་བཞི
114a7 དག་བརྗོད་པ་འོ།། འདུས་བྱུ་།། ཡིམ་མ་མས། ལ་ཀྵུ་། རྣམམ་མམལ་པམཔ་མས
114a8 རེ། གོའུ་རི། གན་དྷ་རི། དྲ་མི་ཊི། མ་ཏང་གི། པུ་ཀ་སི། ཀང་ཊ་ཡ། མ་མ་ཙིན་ཊ་ལཾ། ཧུད་དུ་མ་ལི་ནི། ཧུད་ཊུ་ཊུ་མ་ལི་ནི། ཙེ་ལེ་མི་ལི། གྲི་ན་སོའུ་མྱ་དང་ཤ་ནེ་ཀུ་རུ་ཙན་དྲ་མུ་ཥ




iiif viewer powered by OpenSeadragon

113b - 114b

Texts on this page

F507 - 'phags pa spyan ras gzigs dbang phyug gi yum zhes bya ba'i gzungs