e-texts navigator
Collection
Volume
Page
Wylie

106a1 རིག་སྔགས་ཐམས་ཅད་ཀྱིང་འགྲུབ་པར་འགྱུར་རོ།། ཉོན་མོངས་པའི་སྒྲིབ་ཐམས་ཅད་ཀྱང་རྣམ་པར་དག་པར་འགྱུར་རོ།། འཇིག་རྟེན་གྱི་ག
106a2 བོ་གཅིག་པུ་ཡི་གནས་སུ་ཡང་ཐེ་ཚོམ་མ་མཆིས་སོ།། ཨོཾ་པད་མོ་ཨུཥྞཱི་ཥ་བོ་མ་ལེ་ཧཱུཾ་ཕཊ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མེ་གང་ལ་ལས་གསང་སྔགས
106a3 ཀྱི་སྙིང་པོ་ཡི་གེ་བཅུ་པ་འདི་སྙིང་རྗེ་དང་ལྡན་པར་གྱིས་བཏེ་ཟླ་རྗོད་ཀྱིས་ན་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་ནས་ས་བཅུ་ལ་གནས་པའི་བར་དུ་འགྱུར་ཞིང་། ལྷ་དང་མིའི
106a4 སྐྱེ་དགུ་དག་གིས་འདི་ནི་བཞིན་གཤེགས་པའོ་ཞེས་བརྗོད་པར་འགྱུར་ལ།། བླ་ན་མེད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་འགྱུར་ཏེ། དོན་ཡོད་པའི་ཞགས
106a5 བའི་པད་མའི་གཙུག་གཏོར་དྲི་མ་མེད་པའི་འཁོར་ལོས་སྒྱུར་བར་འགྱུར་ཏེ་འདི་ལ་ཐེ་ཚོམ་མ་མཆིས་སོ།། བཅོམ་ལྡན་འདས་གསང་སྔགས་ཀྱི་སྙིང་པོ་འདི་དག་ནི་ཡི་གེ་འབྲུ
106a6 རེ་རེ་ཙམ་བཟླས་བརྗོད་བྱས་པ་ཙམ་གྱིས་ཀྱང་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་ན། རིགས་ཀྱི་བུ་གང་གིས་ཆེད་དུ་གཉེར་ཏེ། ཆེས་ངལ་ཞིང་དུབ་པར་བཟླས་བརྗོད
106a7 དང་། བསྒྲུབ་པ་དང་། ཚོ་གས་ཚུལ་བཞིན་དུ་རྒྱས་པར་བསྒྲུབ་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། དོན་ཡོད་པའི་ཞགས་པའི་པད་མའི་གཙུག་ཏོར་དྲི་མ་མེད་པའི་སྙིང་པོ
106a8 བེའི་གཟུངས་སྔགས་རིམ་པར་བྱ་བགསང་སྔགས་ཆེན་པོ་ཡི་གེ་བཅུ་པ་འདི་ལན་ཅིག་ཙམ་དྲན་ནམ། ཀླགས་སམ། མིང་ཙམ་ཡང་གཟུང་ངམ། དུས་ཚིགས་འག་རིར་དྲན




iiif viewer powered by OpenSeadragon

105b - 106b

Texts on this page

F505 - 'phags pa don yod zhags pa'i rtog pa'i rgyal po'i cho ga zhes bya ba