| e-texts navigator |
| Wylie |
105b1 དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བསྙིང་བརྩེ་བ་དང་རྗེས་སུ་བརྩེ་བར་བགྱི་བའི་སླད་དུ་བརྗོད་པར་བགྱི་ཡིས་གསོན་ཅིག། ཨོཾ་པད་མ་ཧསྟ་མ་ཧ་ཨ་མོ་གྷ་ད
105b2 ཤ་ས་ཐ་ཡ~ཾ་ས་མ་ཡ་ཧྲིཿདྷ་ཡཾ་ཙ་ར་ཙ་ར་ཧཱུཾ།། དོན་ཡོད་པའི་ཞགས་པའི་རང་བཞིན་གྱི་བཟུངས་ཀྱི་སྙིང་པོ་ཞེས་བགྱི་སྟེ།། ལས་ཐམས་ཅད་བགྱིད་པའོ།། ཨོཾ་དི་བ་བྱ་བཾ་སུ
105b3 ན་ཎ་གེ་བཱི་ལོ་ཀི་ཀྲཱ་ནི་དྷྭཾ། ཁར་བསིལ་གྱི་རིག་པ་སྟེ། ལན་ཉི་ཤུ་རྩ་གཅིག་བཟླས་ན་སྒྲ་གྲག་པས་སེམས་ཅན་རྣམས་ངན་འགྲོ་ལས་ཐར་པར་འགྱུར་རོ།། ཨོཾ་པད་པྲ་པཱུ་ར་ཡ།
105b4 ཨ་མོ་གྷ་བ་ཏོ་པ་མན་ཏི་པྲ་བེ་སྭཱ་ཧཱ། ལྷུང་བཟེད་ཀྱི་རིག་སྟེ། ལན་ཉི་ཤུ་རྩ་གཅིག་བཟླས་ན་བདུད་རྩིའི་རྣམ་པར་འགྱུར་ཞིང་། གང་གིས་ཟོས་པ་རྣམས་ངན་འགྲོ་ལས་ཐར་པར
105b5 འགྱུར་རོ།། ཕྱག་རྒྱ་ཐལ་མོ་ལྷན་ཅིག་དུ་དམ་དུ་སྦར་བ་ལས་སླར་པད་མའི་ཚུལ་དུ་བགྱིས་ནས་འཛུབ་མོ་ནོར་བུར་བགྱིས་སྟེ། གུང་མོ་ཡིད་ཙམ་བཀུག་པ་ནི་ཡིད་བཞིན་གྱི
105b6 ནོར་བུ་ཆེན་པོའི་རྒྱལ་མཚན་གྱི་རྩེ་མོའི་ཕྱག་རྒྱ་སྟེ། ལག་པ་སྤྱི་བོར་བཀན་ནས་བཞག་ལ་སྤྱི་བོར་དབང་བསྐུར་བའི་རིག་པ་འདི་ལན་བདུན་བརྗོད་དོ།། ཨོཾ་ཏྱེ་དེ་དྷེ་ཨ་ནུ་ག་ཏ་ཨ་བྷི
105b7 ཥིཉྩ་ཏུ་མཾ་སརྦ་ཏཱི་དེ་ཀེ་པད་མ་མ་ནི་སུ་པད་མེ་ཨ་མེ་བྷེ་ས་སརྦ་ཏ་ཐཱ་ག་ཏ་ཡེ་ཨ་དྷི་ཤྲཱི་ཏེ་ཧཱུཾ། རིག་པ་འདིས་དབང་བཀུར་བ་ཙམ་གྱིས་རིགས་སྔགས་འཆང་ལ་དེ་བཞིན་གཤེགས
105b8 བ་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དབང་བསྐུར་བར་འགྱུར་རོ།། རིག་སྔགས་འཆང་གྱི་རྒྱལ་པོར་ཡང་འགྱུར་རོ།།