e-texts navigator
Collection
Volume
Page
Wylie

100b1 ཕྲག་ཉི་ཤུ་བཟླས་བརྗོད་བྱས་ན་བར་སྣང་ལས་འགྲོ་བའི་རྣལ་འབྱོར་མ་རྣམས་འགྲུབ་པར་འགྱུར་རོ།། སྟོང་ཕྲག་གསུམ་ཅུ་བཟླས་བརྗོད་བྱས་ན་བསམ་པ་ཐམས་ཅད་ཡོངས་སུ
100b2 རྫོགས་པར་འགྱུར་རོ།། སྟོང་ཕྲག་བཞི་བཅུ་བཟླས་བརྗོད་བྱས་ན་ནམ་མཁའ་ལ་སྤྱོད་པའི་རིག་པ་འཛིན་པར་འགྱུར་རོ།། སྟོང་ཕྲག་ལྔ་བཅུ་བཟླས་བརྗོད་བྱས་ན་རལ་གྲི་ཡི་རིག་པ
100b3 འཛིན་པར་འགྱུར་རོ།། སྟོང་ཕྲག་དྲུག་ཅུ་བཟླས་བརྗོད་བྱས་ན་གྲུབ་པའི་རིག་པ་འཛིན་པར་འགྱུར་རོ།། སྟོང་ཕྲག་བདུན་ཅུ་བཟླས་བརྗོད་བྱས་ན་ས་གསུམ་གྱི་བདག་པོར་འགྱུར་རོ།།
100b4 སྟོང་ཕྲག་བརྒྱ་ཅུ་བཟླས་བརྗོད་བྱས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ།། འབུམ་ཕྲག་ཅིག་བཟླས་བརྗོད་བྱས་ན་བྱང་ཆུབ་སེམས་དཔའ་ཉིད་དུ་འགྱུར་རོ།། འབུམ
100b5 ཕྲག་ཅིག་བཟླས་བརྗོད་བྱས་ན་བྱང་ཆུབ་སེམས་དཔའ་ཉིད་དུ་འགྱུར་རོ།། འབུམ་ཕྲག་བཅུ་བཟླས་བརྗོད་བྱས་ན་རང་དགའ་བའི་གཟུགས་སུ་འགྱུར་རོ།། བཞི་ཆ་དང་བཅས་པའི
100b6 འབུམ་ཕྲག་ཟླས་བརྗོད་ན་སངས་རྒྱས་ཉིད་དུ་འགྱུར་རོ།། བྱེ་བ་ཕྲག་གཅིག་བཟླས་བརྗེད་བྱས་ན་ཐམས་ཅད་རྗེས་སུ་འཛིན་པར་བྱེད་པའི་ནུས་པ་ཅན་སྤན་རས་གཟིགས་དབང
100b7 ཕྱུག་ལྟ་བུར་འགྱུར་ཞིང་ལུས་དང་ངག་དང་ཡིད་བྱིན་གྱིས་བརླངས་སོ།། འདི་ནི་བཅོམ་ལྡན་འདས་གསུང་རྡོ་རྗེས་གསུངས་པའོ།། ཨོཾ་པྲ་ཎ་དྷ་ར་བ་སི་ནཻ་བ་ར་དེ་ཧཱུཾ། འདི་ནི་གོས
100b8 དཀར་མེའི་སྔགས་ཏེ་ལན་གཅིག་བརྗོད་པས་སྡིག་པའི་རིགས་ཚོགས་བསྲེག་པར་བྱེད་དོ།། ནུབ་བདུན་གྱི་ནང་རོལ་དུ་རྒྱལ་པོའི་བློན་པོ་དང་བཅས་པ་དང་འདུན་ན་འདོན་དང་། སྐྱེ




iiif viewer powered by OpenSeadragon

100a - 101a

Texts on this page

F504 - 'jig rten dbang phyug gi rtog pa