| e-texts navigator |
| Wylie |
84a1 ཟ་ག#བོ་རྣམ་པར་རྒྱལ་བའི།། རྟོག་པ་ཕྱི་མའི་ཕྱི་མ་འདི།། རབ་ཏུ་གསང་བ་ཞེས་བྱ་འདི།། ཐོས་ནས་གསང་བའི་དོན་སྐོས་འདི།། ལྷ་དེ་ཐམས་ཅད་ཡིད་རང་ནས།།
84a2 ཁྲོ་བོ་མཆོག་ལ་ཕྱག་འཚལ་ཏེ།། ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་བཤེད་པོ་ཡི་རངས་ཏེ།། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ།། ལེའུ་ཉི་ཤུ་རྩ་གཉིས་པ་རྫོག
84a3 སྷོ།། ། @#།། རྒྱ་གར་སྐད་དུ།། ཏྲི་སཱ་མཱ་ཡ་རཱ་ཛ་ན་མ་ཏན་ཏྲ།། བོད་སྐད་དུ།། དམ་ཚིག་གསུམ་བསྐོད་པའི་རྒྱལ་པོ་ཞེས་བྱ་བའི་རྒྱུད།། འཇམ་དཔལ
84a4 གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པའི་དགེ་འདུན་ཐམས་ཅད་ལ་ཕྱག་འཚལ་ལོ།། དབུས་དང་མཐའ་མེད་ཡོན་ཏན་དཔག་མེད་མི
84a5 གཡོ་བ།། མཆོད་ཆེན་མཐའ་མེད་མཆོད་ཆེན་པོའི་མཆོག་ཏུ་འཁྲུངས།། མཆོད་ཆེན་འཕགས་པའི་འཕགས་པ་མཆོད་ཆེན་བདག་ཉིད་ཀྱིས།། དུས་གསུམ་འཁྲུངས་པའི་བདེ་གཤེགས་ཀུན་ལ
84a6 ཕྱག་འཚལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བྱིན་གྱི་བརླབས་ཆོས་ཀྱི་དབྱིངས་ཀྱི་བློ་བྲང་རྡོ་རྗེ་ཆེན་པོའི་སྙིང་པོ་ཅན།། རྡོ་རྗེ་འཆང་ཆེན་པོ་ཉེ་བར་འདུ་བ། དེ་བཞིན་གཤེགས་པ་ལྷག
84a7 པར་དགྱེས་པས་རྣམ་པར་རོལ་པ།། དབུས་དང་མཐའ་མེད་པའི་རྡོ་རྗེ་ཆེན་པོའི་རྩེ་མོ་མཐོན་པོ་ཅན་རིན་པོ་ཆེའི་རྒྱལ་པོ་རྣམ་པ་སྣ་ཚོགས་ཀྱི་རྒྱུ་ལས་གྱུར་པ།། རིན་པོ་ཆེའི་རྒྱལ་པོའི་ཕོ་བྲང་ཆེན་པ