e-texts navigator
Collection
Volume
Page
Wylie

83b1 མཛེས་པའི་ཁྲོ་བོས་གནོན་པའོ།། བཙན་ཐབ་སུ་ནི་བསྐོར་བ་བྱས།། རྐང་པ་གཡས་པ་བཙུག་ཏེ་མནན།། ལག་པ་གཉིས་པ་དྲག་རྡོབ་པ།། བྱས་ནས་འཇིགས་པར་བྱ་བ་ནི།། དེ་བཞིན
83b2 བསྙེམས་དང་བཅས་བཤད་པ།། ཚ་ངམ་བདག་ཉིད་ཆེན་པོ་འདི།། འཇིགས་པར་བྱེད་ཞེས་བྱ་སྟེ།། རྟག་ཏུ་ཁྲོ་བོ་བསྒོམ་པའོ།། མཉམ་པ་མཉམ་པར་བཞག་སྟེ་འདུག། གཡས་པ་ཅུང་ཟད
83b3 མཐོ་བར་བྱ།། དཔལ་དང་ལྡན་པས་གཡོན་པ་སྨད།། གཡོན་པ་སོར་མོ་ཅིག་ནི་སྡིགས།། དཔུང་པ་གཏོགས་ཏེ་བེ་ཅོན་ཕྱར།། རྐང་པ་དང་ནི་གདོང་པ་སྦྱར།། རྟག་ཏུ་ཁྲོ་བོ་སྒོམ་པ་ནི།། ཀི
83b4 ལི་ཀི་ལི་ཞེས་བྱའོ།། ཀི་ལི་ཀི་ལ་ཆེན་པོ་ནི།། དེ་ཉིད་ལས་ནི་རྒྱབ་ཏུ་ལྟ།། ཁྲོ་བོའི་མིག་ནི་ཡ་གཅིག་བཙུམས།། མྱུར་དུ་འཚོང་སྟབས་བྱེད་པའོ།། འདི་ནི་ཚ་ངམ་སྦྱོར་བ་ཏེ།། ཧེ་ལའི
83b5 འཁོར་ལོའི་རྩིབས་རིམ་ལས།། མདོར་ན་ཇི་ལྟར་དགོད་པ་དག། ལེགས་པར་བཤད་པ་འདི་ཡིན་ནོ།། ཧེ་ལའི་འཁོར་ལོའི་མཐུ་སྔགས་དང་།། ཚ་ངམ་གསང་བའི་མཐུ་འགའ་ཡི།།
83b6 ལས་རྣམ་རབ་ཏུ་ངོ་མཚར་བ།། ཇི་སྐད་གསུངས་པའི་ལས་རྣམས་བྱའོ།། བསྒྲུབ་པ་དེ་དག་གསང་རྒྱུད་དང་།། ཧེ་ལའི་འཁོར་ལོའི་འདི་ཤེས་ན།། ཁྲོ་བོ་དངོས་དང་ཅིག་འགྱུར་བས།
83b7 ཁྲོ་བོའི་སྐད་དུ་སྤྱོད་པར་འགྱུར།། རྟོག་པ་འདི་ནི་གསང་བར་བཅས།། གསང་བའི་སྙིང་པོ་མཆོག་ཏུ་བཤད།། ཁྲོ་བོའི་རྒྱལ་པོའི་རྟོག་འདི་ལས།། མཆོག་ཏུ་གྱུར་པ་གཞན་མེད་དེ།




iiif viewer powered by OpenSeadragon

83a - 84a

Texts on this page

F490 - khro bo rnam par rgyal ba'i rtog pa gsang ba'i rgyud