| e-texts navigator |
| Wylie |
80b1 བྱོས་ཞེས་ཚིག་གཉིས་བསྐུལ།། དེ་ནི་སྔ་མ་བཞིན་བཀོད་ནས།། དེའི་ཐ་མར་བདུད་རྩི་འཁྱིལ།། ཁྲོ་བོ་བདུད་རྩི་ཁྱིལ་པའི་མཐར།། རབ་ཏུ་དྲག་པོའི་ཤུགས་བཞག་གོ།། རྣམ་པར་བསྒག་བྱེད
80b2 གསལ་བའི།། ཁྲོ་བོའི་ཚ་ངམ་བསྙེམས་བྱས་ན།། གླང་པོ་མྱོས་པའི་ཤུགས་ཅན་བདག། མངོན་དུ་འོང་བར་འགྱུར་བ་དང་།། དེ་མ་ཐག་ཏུ་བསྒྲག་པར་བྱེད།། མྱོས་པའི་ཤུགས་ཀྱིས་རབ་ཏུ་འདོར།། །
80b3 སླད་དུ་ལོག་ནས་ཕན་ཚུན་དུ།། བསྐོར་ཞིང་མི་དགའ་བར་ནི་འོང་།། གླང་པོའི་རྒྱལ་པོ་དེ་ཉོས་ཤིང་།། བདེ་བར་མ་ཐོབ་བབས་པར་འགྱུར།། བསྒྲུབ་པ་ཁྲོ་བོ་བསྒོམས་པ་ཡིས།། ཆོ་ག་ཚུལ་ནི་དེ
80b4 ཡིན་ནོ།། ཧེ་ལཱི་འཁོར་ལོ་ཞེས་བྱ་བའི།། གཞི་པའི་གནས་ལ་འདུག་ནས་སུ།། ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། ནོན་ཅིག་ཅེས་པའི་ཚིག་གཉིས་བསྐལ།། དེ་ནས་ཆོ་ག་སྔར་བཤད་པས།། བདུད
80b5 རྩི་ཁྱིལ་པ་བཞག་པར་བྱ།། བདུད་རྩི་ཁྱིལ་པ་དེའི་མཐའ།། ཁྲོ་བོ་ཆེན་པོ་སྟོབས་ཆེན་བཞག། ཀུན་ཏུ་སྡོམ་མ་མཛེས་པའི།། ཚ་ངམ་གྱིས་ནི་མི་གཡོར་ནན།། དཔུང་ངམ་ཡང་ན་གླང་པོ
80b6 འམ།། གྲུ་འམ་ཡང་ན་ཤིང་རྟ་འམ།། རྟ་དང་རྔ་མོ་ལུག་ལ་སོགས།། ཁྲོ་བོ་བསྒོམ་པའི་ཚུལ་བཞིན་བྱས།། སྦྱོར་བ་དེ་ལ་གནས་ནས་ནི།། རབ་ཏུ་མནན་པ་བྱས་པར་འགྱུར།། དེ་ནས་ཧེ་ལ་ཞེས
80b7 བྱ་བའི།། འཁོར་ལོ་སྔ་མ་ལ་གནས་ནས།། ཁྲོ་བོ་ཆེན་པོ་ཚིག་གི་མཐར།། དཀྲུགས་ཤིག་དཀྲུགས་ཤིག་ཚིག་གཉིས་བཞག། ཁྲོ་བོ་བདུད་རྩི་ཁྱིལ་པ་ཡང་།། ཐ་མའི་ཚིག་གི་གནས་བནག།