e-texts navigator
Collection
Volume
Page
Wylie

332a1 @#གཙོ།། རྡོ་རྗེ་སྲུང་བ་བསྲུང་བ་ཆེ།། རྡོ་རྗེ་དོན་ཡོད་ལྕགས་ཀྱུ་བྱེད།། རྡོ་རྗེ་རོ་ལངས་རོ་ལངས་ཆེ།། རྡོ་རྗེ་སྲིན་པོ་ཟ་བ་པོ།། རྡོ་རྗེ་གནོད་སྦྱིན་གནོད་སྦྱིན་ཆེ།། རྡོ་རྗེ་གདོན
332a2 ཏེ་གདོན་གྱི་མཆོག། འཇིགས་བྱེད་དགའ་བ་དྲག་པོ་སྟེ།། རྡོ་རྗེ་འཇིགས་བྱེད་སྔངས་པ།། བསྒྲུབ་དཀའ་བསྒྲུབ་པ་ལེགས་པ་སྟེ།། རྡོ་རྗེ་ལེགས་པས་དགེས་མཛད་པ།། རྡོ་རྗེ་དགའ་བ
332a3 དགའ་བ་ཆེ།། དགའ་བཱི་རྡོ་རྗེ་དབང་བྱེད་པ།། འདོད་བསྟག་པས་ན་བསྟགས་པོ་ཆེ།། ན་མཁའ་དང་ནི་མཉམ་པའོ།། རེ་བ་ཐམས་ཅད་རྫོགས་མཛད་པ།། རྡོ་རྗེ་དབང་བསྐུར་རིན་ཆེན
332a4 མཆོག། རྡོ་རྗེ་རྒྱལ་མཚན་ཡོན་ཏན་མཆོག། རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ།། རིག་པར་བྱེད་པའི་ཚོགས་ཀྱིས་མཆོག། ཧ་ལ་ཧ་ལ་ནག་པོ་ཆེ།། སྒྲ་སྐད་ཆེ་ཞིང་འཇོམ་པ་དང་།། རྡོ་རྗེ
332a5 འདོད་པ་འདོད་པ་ཆེ།། རྟོག་པའི་དུས་ངན་རྣམས་འཇོམས་པ།། སྐ་ཅིག་གཡོ་བའི་ཐེ་ཚོམ་གཅོད།། གློག་བཞིན་ཞལ་གྱི་ལྗགས་ལས་འཕྲོ།། རྡོ་རྗེ་མེ་སྟེ་མ་རུངས་འདལ།།
332a6 དྲག་པོ་རབ་སྣང་སྣང་མཛད་པ།། ཉི་མ་སྟོང་གིས་གདུངས་པའི་ཞལ།། སྤྱན་དམར་འཇིགས་པར་མཛད་པ་པོ།། ཁྲོ་བོ་དུ་མའི་འོད་བཞིན་འཕྲོ།། ཕྱག་རྣམས་དུ་མའི་མཚོན
332a7 ཆ་བརྒྱ།། དུ་མའི་ཞལ་ཏེ་སྒྲ་ཡང་སྟོང་།། འཁྱིལ་ཞིང་རྒྱན་ཡང་འཁྱིལ་བ་སྟེ།། སེམས་ཀྱི་ཆོས་པས་སྐུ་མི་མངའ།། རྣམ་པར་རྟོག་པ་མ་ལུས་སྤངས།། མ་རིག་འཇོམ་པ




iiif viewer powered by OpenSeadragon

331b - 332b

Texts on this page

F478 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba