| e-texts navigator |
| Wylie |
331b1 དང་ལྷ་མིན་སྨོས་ཅི་དགོས།། ལས་རྣམས་ཟིན་པར་གྱུར་པ་དང་།། ཆགས་པའི་སེམས་སུ་བྱས་ནས་ནི།། དེ་ཡི་འོད་ཟེར་སྤྱི་བོར་དགང་།། དེ་ནི་བསྲུངས་ནས་བཏང་བར་བྱ།།
331b2 དེ་ནས་རྡོ་རྗེ་འདོད་པ་ཡིས།། ལྷ་རྣམས་མཆོད་དེ་གཤེགས་པར་གསོལ།། དེ་ནས་བསྲུང་བ་བྱས་ནས་ནི།། རྡོ་རྗེ་འདོད་པས་རྟག་ཏུ་བཟླས།། དབང་གི་ལས་རྫོགས་སྷོ།།
331b3 དེ་ནས་བརྒྱ་བྱིན་ཚངས་པ་ལ་སོགས་ལྷ།། ཡང་ནས་ཡང་དུ་ཕྱག་འཚལ་ཏེ།། རིན་ཆེན་གདུགས་ལ་སོགས་མཆོག་གི། མཆོད་པ་སྣ་ཚོགས་བྱས་ནས་ཡང་།། ཕྱག་ན་རྡོ་རྗེ་རྒྱལ
331b4 མཚན་ལ།། དགའ་བའི་བསམ་པས་བསྟོད་བྱེད་པ།། སངས་རྒྱས་ཀུན་པས་སྔར་སངས་རྒྱས།། མི་ཤེས་དྲི་མ་ཀུན་བཅོམ་པ།། རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ།། རྡོ་རྗེ་རྗེས་འཛིན
331b5 འཛིན་རྒྱལ་པོ།། རྡོ་རྗེ་སྐྲ་སྟེ་སྐུ་ཆེ་བ།། ཕྱག་ན་རྡོ་རྗེ་ཕྱག་འཚལ་བསྟོད།། རྡོ་རྗེ་ཡན་ལག་རྡོ་རྗེའི་མཆོག། རྡོ་རྗེ་འབར་བ་ཆེ་འབར་བ།། རྡོ་རྗེ་ཤུགས་ཏེ་ཤུགས་ཆེ་བ།། རྡོ་རྗེ་མཚོན
331b6 ཆ་མཚོན་ཆེན་པོ།། ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ།། རྡོ་རྗེ་མདའ་སྟེ། རབ་འབེབས་པ།། རྡོ་རྗེ་རྣོན་པོ་རྣོ་བ་ཆེ།། ཆེ་བའི་ཆེ་བ་རྒྱ་མཚོ་ཆེ།། རྡོ་རྗེ་པད་མ་བྱང་ཆུབ་ཆེ།། བྱང་ཆུབ་སངས་རྒྱས
331b7 རང་བྱུང་བ།། རྡོ་རྗེ་རྒྱ་ཆེན་རྒྱ་ཆེན་ཏེ།། རྡོ་རྗེ་སྒྱུ་མ་རྣམ་སྦྱོང་བ།། རྡོ་རྗེ་སྐུ་སྟེ་གནོད་སྦྱིན་ཆེ།། རྡོ་རྗེ་པད་མ་རྣམས་སྦྱོང་བ།། རྡོ་རྗེ་ཁྲོ་བོ་དྲག་པོ་ཆེ།། རྡོ་རྗེ་དགྲ་སྡང་འཇོམས་པའི