e-texts navigator
Collection
Volume
Page
Wylie

331a1 དུ། དཀྱིལ་འཁོར་བྲི་བར་བྱ།། པད་མ་རལ་གྲི་འཁོར་ལོ་རྣམས།། ནུབ་ཕྱོགས་ཉིད་དུ་བྲི་བར་བྱ།། རྡོ་རྗེ་མཆེ་བ་གོ་ཆའི་མཆོག། བྱང་ཕྱོགས་སུ་ནི་བྲི
331a2 བར་བྱ།། གྲ་རྣམས་སུ་ནི་སྤོས་ལ་སོགས།། ཕྱག་རྒྱའི་གཟུགས་སུ་བྲི་བྱ་ཞིང་།། མེ་ཏོག་དམར་པོ་ལ་སོགས་པས།། ཤིན་ཏུ་སྔ་མ་བཞིན་མཆོད་དེ།། དཔལ་ལྡན་གོས་དང
331a3 ཕྲེང་བ་དམར།། དམར་པོ་དྲིས་ནི་བསྐས་ནས་ཡང་།། རྟག་ཏུ་ཁ་ནི་ནུབ་ལྟས་ལ།། དམར་ཐག་མ་ཆད་ལས་བྱ་སྟེ།། པད་མ་དམར་པོའི་བརྟན་བསམ་ལ།། རབ་ཆགས་ཕྱག
331a4 ན་པད་མ་བསྣམས།། གཡོན་དུ་རྡོ་རྗེ་ཆགས་པ་ལ།། གཡས་སུ་བདེ་བ་ཆེན་པོ་སྟེ།། བསམས་ན་དེ་ཡི་དབུས་ནི།། ཆུ་སྲིན་རྒྱལ་མཚན་འཛིན་པ་བཞག། རྡོ་རྗེ་གཞུ་དང་གཡོན
331a5 རྒྱས་མདའ།། མེ་ཏོག་དམར་རྒྱན་རབ་མཛེས་མ།། དྲི་དམར་ལ་སོགས་རབ་མཆོད་དེ།། མདའ་དང་གཞུ་ཐོགས་དེ་བཞིན་དུ།། པད་མ་དམར་དང་དབྱུག་བསྣམས་པའི
331a6 མེ་ཡི་ལྷ་ནི་བཀག་ནས་ཡང་།། དེ་ཡི་ལུས་སུ་ཁྲོ་རྒྱལ་པོ།། ལེགས་པར་བཅུག་སྟེ་བཞག་པར་བྱ།། འོད་ཟེར་ཆགས་པས་སྦྱར་ནས་ནི།། དེ་ལུས་རྡོ་རྗེ་ལྕགས་ཀྱུ་དང་།། ཞགས་པ
331a7 ཙ་པས་ག་ཡང། གཔ་ཀྱི་དུགས།། དཀ་བས་ས་སྟེ་སེམས་ཞུགས་པས།། ཡ་བྱུང་གང་ན་དང་།། དམས་པས་བྱ།




iiif viewer powered by OpenSeadragon

330b - 331b

Texts on this page

F478 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba