e-texts navigator
Collection
Volume
Page
Wylie

330b1 ཁ་དོག་དཀར་པོ་འམ།། བཙག་དང་འཚལ་ཡང་དེ་བཞིན་དུ།། ཟངས་ཀྱི་ཕྱེ་དང་ཉུང་དཀར་དང་།། སྐྱེ་ཚེ་འབྲུག་དང་ལན་ཆ་དང་།། ཏིལ་དང་ཐིག་ལེ་ཟེ་འབྲུ་དང་།། ལ་བུ་གཉུངས
330b2 ཏོག་དེ་བཞིན་ཏེ།། ཁྲག་དང་རྡུལ་ནི་ཆེན་པོ་རྣམས།། བསྲེག་པའི་ཕྱིར་ནི་བསྡུས་ནས་ཡང་།། སྔར་བཤད་འབྲས་བུ་ལ་སོགས་པའི།། ཁུ་བས་ཡང་ཡང་སྐུས་ནས་ནི།། ཁྲོ
330b3 བོ་སྔགས་ཀྱིས་བྱིན་བརླབས་ཏེ།། བ་དང་རམས་བཤོས་པ་ཡིས།། བཤིག་མ་ཐག་པའི་མར་སར་དང་།། མར་དང་ཏིལ་མར་རྣམས་ཀྱིས་དགང་།། ག་བུར་ལ་སོགས་བསྒོས
330b4 ནས་ཡང་།། བདུད་རྩི་བཏབ་ཏེ་བཞག་པར་བྱ།། དེ་ནས་ཧོམ་ཁུང་དམར་པོ་ལ།། བྱི་རུའི་སྡོང་པོ་འདྲ་བར་ཡང་།། བསམ་ནས་སྤོས་མར་ལ་སོགས་དང་།། གུར་གམ་དམར་པོས
330b5 བྱུག་པར་བྱ།། དེ་ནས་ཁ་དོག་དམར་པོ་ཡིས།། སྟུག་པོ་ཉིད་དུ་བསྐ་བར་བྱ།། གུར་གུམ་དམར་པོས་བསྲེས་པ་ཡི།། མཚོན་གྱིས་རི་མོ་བྲི་བ་ནི།། ཧོམ་ཁུང་ནང་དུ་པད་མ་བྲི།
330b6 དེའི་སྟེང་དུ་མདའ་བཅས་བཞུགས།། རྟག་ཏུ་ཧོམ་ཁུང་འཁོར་ཡུག་ཏུ།། པད་མ་ཉིད་དུ་བྲི་བར་བྱ།། གཞུ་ཡི་དབུས་སུ་རྡོ་རྗེ་ཉིད།། འཁོར་ཡུག་ཏུ་ནི་མདའ་ཉིད་བྲིས།།
330b7 བཞི་ཡི་ཕྱི་རོལ་པད་མ་ཉིད།། བྲིས་ནས་དེའི་སྟེང་དུ་མདའ།། དེ་ཡི་ཕྱི་རོལ་རྡོ་རྗེ་དང་། ལྕགས་ཀྱུ་མདའ་བཅས་གཞུ་བྲིས་ལ།། ལྷོ་ཕྱོགས་རྒྱལ་མཚན་རིན་ཆེན་དང་།། གཟི་བརྗི




iiif viewer powered by OpenSeadragon

330a - 331a

Texts on this page

F478 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba