| e-texts navigator |
| Wylie |
330a1 རྡོ་རྗེ་ཆགས་པའི་གནས་ཡང་རུང་།། ཕྱག་ན་པད་མའི་གནས་ཉིད་དུ།། རྟག་ཏུ་རྡོ་རྗེ་སེམས་དཔའི་གནས།། བདེ་ཆེན་གྱི་ནི་གནས་ཆེན་དང་།།
330a2 པད་མ་ཨུད་དཔལ་རྫིང་བུ་དང་།། བན་དུ་ཀའི་མེ་ཏོག་གནས།། མེ་ཏོག་འབྲས་བུ་དམར་ཚལ་ནི།། ཡིད་འོང་སེམས་ནི་ཆགས་བྱེད་པ།། དེར་ནི་སྟེགས་བུ་ཁྲུ་བརྒྱད་དམ།
330a3 དེ་ལྟར་བཅུ་གཉིས་བཅུ་དྲུག་རྣམས།། བྱས་ནས་དེའི་དབུས་སུ་ཡང་།། ཧཾ་ཁུང་དཀྱིལ་འཁོར་བྱ་བ་ཡང་།། ཁྲུ་གང་ཡང་ན་ཁྲུ་དོ་པ་འམ།། དེ་ལྟར་ཁྲུ་ནི་བཞི་པར་བྱ།།
330a4 གཞུ་འདྲ་བ་དང་པད་མ་དང་།། ཡང་ན་རྡོ་རྗེ་འདྲ་བར་བྱ།། མདའ་འདྲ་ཟླ་བ་ཁམ་འདྲ་དང་།། དེ་ལྟར་པདྨའི་འདབ་མ་འདྲ།། ཞང་དུ་ཆུ་ཡི་ཕྱེད་ཀྱི་ཚད།། ཞེང་གི་ཚད་ནི
330a5 ཕྱེད་ཙམ་དུ།། ཧོམ་ཁུང་ཟབ་སུ་རྐོ་བར་བྱ།། མུ་ཁྱུད་སོར་ནི་བཞི་པར་བྱ།། ཉིས་འགྱུར་བ་ནི་ཉིས་འགྱུར་བྱ།། ཐ་མ་མཆོག་གི་ཁྱད་པར་ལས།། ཡམ་ཤིང་སོ་སོར་ངེས
330a6 པར་བྱ།། དབང་ནི་ཡམ་ཤིང་བསྲེག་ཤིང་གི་། ཚད་ནི་ཞི་བའི་ལས་སུ་གསུངས།། ཤིན་ཏུ་དམར་བའི་ཙན་དན་ནམ།། ཡང་ན་ཤིང་དམར་གཞན་ཡང་རུང་།། མེ་ཏོག་འབྲས
330a7 བུ་དམར་པོ་འམ།། རྩག་དང་ཙན་དན་རྒྱ་སྐྱེགས་སོགས།། ལེབ་རྒན་རྩི་དང་གུར་གུམ་གྱིས།། མདོར་ན་བུད་པའི་ཤིང་དང་ནི།། ཡམ་ཤིང་ལ་ཡང་སྐས་ནས་ནི།། 1ང་དཀར