| e-texts navigator |
| Wylie |
329b1 ཀྱིས།། མེ་ཏོག་མེ་ཏོག་སྦྲང་རྩིར་བཞུག། འབྲུ་རྣམས་ཐམས་ཅད་འབྱོར་པ་དང་།། མེ་ཏོག་འབྲས་བུ་སེར་པོར་ལྡན།། མར་དང་སྦྲང་རྩི་སྲེས་ནས་ནི།། བར་ཆེར་དཔལ
329b2 གྱི་འབྲས་བུར་ལྡན།། མེ་ལྷ་གསེར་དང་འདྲ་བ་ལ།། ཕྱག་བཞི་པ་སྟེ་འདིར་དེ་བཞིན།། པད་མོའི་གདན་བཞུགས་རྣམ་རྒྱན་པ།། སྤྱན་དྲངས་བསྲེག་བྱས་སྦྱིན་བསྲེག
329b3 བྱ།། དེ་ཡི་ལུས་སུ་ཁྲོ་རྒྱལ་པོ།། བྱིན་ཆེན་ལེགས་པར་བཅུག་ནས་ནི།། སྔོན་བཞིན་དྲན་བྱེད་དེ་ཞལ་དུ།། སྦྱིན་བསྲེགས་ཡོངས་སུ་བཏག་བྱ་སྟེ།། འབུམ་འམ་ཉིས
329b4 འབུམ་ཙམ་གྱིས་ཀྱང་།། དོན་ནི་ངེས་པར་རབ་ཏུ་འགྲུབ།། འབུམ་ཕྲག་བརྒྱས་ནི་རྒྱལ་སྲིད་དམ།། ལོངས་སྤྱོད་ཕུན་སུམ་ཆོག་པ་འགྲུབ།། དེ་ནས་འཇུག་ཏུ་འོད་ཟེར་གྱིས།།
329b5 དེ་ལ་དབང་བསྐུར་བསྲུང་བར་བྱའོ།། དེ་ནས་དེ་ནི་རྒྱས་འགྱུར་ཏེ།། ཕྱག་ན་རྡོ་རྗེའི་བཀའ་བཞིན་ནོ།། །། རྒྱས་པའི་ལས་རྫོགས་སྷོ།། །
329b6 ཆགས་པའི་ཏིང་འཛིན་གྱིས་བྱ།། ཆགས་པ་བཅོམ་ལྡན་རྡོ་རྗེ་ཅན།། རྡོ་རྗེ་ཆགས་པ་དེ་ལས་བྱུང་།། ཁམས་གསུམ་ཆགས་པར་བྱེད་པའི་ཕྱིར།། པད་མ་སེམས་དཔས་རྟག་ཏུ
329b7 ཆགས།། དེ་བས་འདིས་ནི་དེ་དག་གི། ལས་འགྲུབ་པར་ནི་བཤད་པ་ཡིན།། གཙོ་རླག་མཁན་ནམ་ཟླ་མཚན་ཅན་དག་གི། ཁྱིམ་དུ་ཆགས་པའི་ལས་རྣམས་བྱ་བ་ཡིན།། །