e-texts navigator
Collection
Volume
Page
Wylie

329a1 ཆར་ནི་རབ་འབེབས་ཞིང་།། ཡིད་ཀྱི་འདོད་པ་སྐོང་མཛད་པ།། མདོར་ན་དེ་ཡི་འོད་ཟེར་གྱིས།། ངེས་པར་དབང་ནི་བསྐུར་བར་བསམས།
329a2 དེ་ནས་རྒྱལ་སྲིད་ཐོབ་འགྱུར་ན།། ལུས་རྒྱས་པ་ལྟ་སྨོས་ཅི་དགོས།། རྒྱས་པ་བྱ་ཕྱིར་དེ་མིང་ནས།། སྨོས་ཏེ་བརྒྱ་རྩ་བརྒྱ་ཕྲག་བརྒྱད།། ཡང་ནི་དེ་བཞིན་སྟོང་ཕྲག་ནི།།
329a3 བརྒྱ་རྩ་བརྒྱད་དུ་བཟླས་པ་བྱ།། དེ་ནས་སྤྲིན་བསྲེགས་རབ་བྱ་སྟེ།། བྱང་ཕྱོགསུ་ནི་སེང་གེ་ཡི།། གདན་གྱི་སྟེང་ན་རིན་ཆེན་དང་།། པད་མ་ཉི་ཟླའི་གདན་སྟེང་ན།།
329a4 རྡོ་རྗེ་རིན་ཆེན་རིན་ཆེན་མཆོག། རིན་ཆེན་དཔལ་དང་གཟི་བརྗིད་མཆོག། རྡོ་རྗེ་གཞད་དང་རྒྱལ་མཚན་དང་།། བརྒྱན་རྣམས་ཀུན་གྱི་བརྒྱན་པ་ནི།། ཕྱག་ནི་མཆོག་སྤྲིན་གཞོལ
329a5 བ་དང་།། རིན་ཆེན་ཆར་ཡང་འབེབས་བརྩོན་ཞིང་།། འོད་ཟེར་གསེར་ཕྲེང་ཐམས་ཅད་ཀྱིས།། དེ་ལ་ཤིན་ཏུ་ཁྱབ་བྱེད་བསམ།། དང་དང་ཅང་ཏེའུ་པི་བཾ་དང་། སིལ་སྙན
329a6 གླུ་དང་གར་མཆོག་དང་།། མདོར་ན་མཆོད་པ་བྱས་ནས་ནི།། དེ་ཡི་འོད་དུ་ལས་ཙམ་མོ།། ཁུང་བུའི་ཁྱད་པར་ཉིད་ལས་ཡང་།། ཡམ་ཤིང་བུད་ཤིང་ཁྱད་པར་བྱ།།
329a7 འཛུབ་གང་ཁུ་ཚུར་བཅངས་ཁྲུ་གང་།། ཆུང་ངུ་ཉིད་དུ་བཤད་པ་ཡིན།། བར་མ་ཁྲུ་དོར་ཤེས་པར་བྱ།། ཁྲུ་བཞི་པ་ནི་མཆོག་ཡིན་ཏེ།། མེ་ཏོག་འབྲས་བུར་བཅས་རིགས




iiif viewer powered by OpenSeadragon

328b - 329b

Texts on this page

F478 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba