| e-texts navigator |
| Wylie |
328b1 དེ་ཡི་དབུས་སུ་རྐོ་བ་ནི།། ལེགས་པར་བརྟགས་ཏེ་ཕྱེད་ཀྱི་ཚད།། གྲུབ་བཞི་པ་འམ་ཟུར་བརྒྱད་པ།། ཡང་ན་དཔལ་སྐྱེས་པད་མ་འདྲ།། མདོར་ན་འཇིམ་པ་སེར་པོ་ཡིས།། །
328b2 དེ་བཞིན་ཁྲུ་མཆོག་རྐོས་ནས་ནི།། གུར་གུམ་ལ་སོགས་སྐས་ན་ཡང་།། དེ་ཡི་འབྲས་བུ་བྲི་ནི།། མཚོན་མཆོག་སེར་པོས་སྐས་ནས་ཡང་།། གསེར་འོད་འདྲ་བར
328b3 བསྒོམ་པར་བྱ།། དེ་ནས་མཚོན་ནི་དམར་སེར་གྱིས།། རིན་ཚོན་པད་མ་ལ་སོགས་པའི།། ཕྱག་རྒྱའི་དཀྱིལ་འཁོར་འཁོར་ཡུག་ཏེ།། གནས་པ་ཉིད་དུ་བྲི་བར་བྱ།།
328b4 རིམ་གཉིས་ཡང་ན་རིམ་བཞི་འམ།། ཡང་ན་རིམས་པ་བརྒྱད་ལྡན་པར།། དེར་ནི་སྒོ་བ་དེ་དག་ཉིད།། ཕྱག་རྒྱའི་གཟུགསུ་བྲི་བར་བྱ།། བུམ་པ་ཁ་དོག་གསེར་འདྲ་ཞིང་།།
328b5 དྲི་དུས་རབ་ཏུ་བཀང་བས། ཤིན་ཏུ་མཛེས་བརྒྱན་བཅུ་གཉིས་སམ། སུམ་ཅུ་གཉིས་སམ་བཅུ་དྲུག་སྷོ།། འབྲི་བའི་ད་ནིམི་ཤོག། བརྒྱན་ཡལ་ག་མ་ཏོགསཏུ། མ
328b6 པ་དང་།། ཕྲེང་བ་མར་མེ་རྒྱན་རྣམས་དང་།། མེ་ཏོག་ལ་སོགས་སེར་པོས་བརྒྱན།། བྱང་ཕྱོགས་ཁ་ལྟས་འདག་ནས་ནི།། འཇིག་རྟེན་གསུམ་རྒྱལ་ཁྲོ་བོ་ཡི།། ཉིད་ཀྱི
328b7 རྣལ་འབྱོར་རྗེས་དྲན་ཞིང་། ལྷ་མི་ཡིད་པཞིན་ནོར་རྒྱལ་མཚན།། གཅོམ་ཡི་ནི་གསེར་དང་འདྲ།། དེ་བཞིན་ཉི་བཱ་ཀཱ་བེ་ར། ནོར་སྦྱིན་དང་ནི་འཇམ་བྷ་ལཱ། གསེ་གྱི