e-texts navigator
Collection
Volume
Page
Wylie

328a1 ། ཁྲོ་བོ་ཉིད་ལ་དབུལ་བར་བྱ།། དེའི་ལུས་ལ་དབང་བསྐུར་ཞིང་།། མཉམ་པར་བཞག་པས་སྲུང་ནས་ཡང་།། འཇུག་ཏུ་མངོན་པར་མཆོད་ནས་ནི།
328a2 ལྷ་རྣམས་ཐམས་ཅད་གཤེགས་སུ་གསོལ།། འདི་ནི་ཞི་བའི་ལས་རྣམས་ཡང་།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། ཅི་སྟེ་དེ་ནི་སྡིག་ཅན་ནམ།། གལ་ཏེ་མཉམ་པར་མ
328a3 བཞགས་པས།། དེ་ཚེ་དངོས་གྲུབ་མ་གྱུར་ན།། སྟོང་པ་ཉིད་དུ་རྣམ་བསྒོམས་ལ།། དེ་ནས་དེ་བཞིན་བྱས་ནས་ཀྱང་།། གདོན་མི་ཟ་བར་དངོས་གྲུབ་འགྱུར།། ཞི་བའི་ལས་སོ།།
328a4 འབྲས་བུར་ལྡན་པའི་ནགས་ཚལ་ལམ།། ཡང་ན་ནགས་སམ་རྒྱལ་པོ་དང་།། རྒྱལ་རིགས་ཁྱིམ་དུ་རྒྱས་པ་ནི།། དགའ་བའི་སེམས་ཀྱིས་བྱ་བ་སྟེ།། ཁྲུ་དོ་པ་འམ
328a5 ཁྲ་བཞི་པ་འམ།། དེ་ལྟར་མཆོག་ནི་ཁྲུ་བརྒྱད་པའོ།། ཆུང་མཆོག་བར་པ་རྣམས་ལ་ཅིག། རྒྱས་པའི་ལས་ནི་བྱ་བ་ཡིན།། མདོར་ན་ཧཾ་ཁུང་བྱ་བ་ནི།། སྟེགས་བུ
328a6 བརྩིགས་ཏེ་དཀྱིལ་འཁོར་ནི།། ཆུང་ངུ་ལ་ནི་ཁྲུ་བརྒྱད་སྟེ།། བར་མ་ལ་ནི་ཁྲུ་བཅུ་གཉིས་ཉིད།། མཆོག་ལ་བཅུ་དྲུག་ཡང་ན་ནི།། ཉི་ཤུ་རྩ་བཞིར་ཤེས་པར་བྱ།
328a7 མུ་ཁྱུད་སོར་བརྒྱད་བཅུ་དྲུག་གམ།། སུམ་ཅུ་གཉིས་ནི་བྱ་བ་ཡིན།། བྱི་ཡི་འཁོར་ལོ་དེ་ཡི་བྱེད།། པད་མ་རྣམས་ཀྱིས་བརྒྱན་པར་བྱ།། པདེ་མའི་ཚོགས་ནི་བརྒྱན་པར་བྱ།




iiif viewer powered by OpenSeadragon

327b - 328b

Texts on this page

F478 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba