e-texts navigator
Collection
Volume
Page
Wylie

327b1 ན་ལྡན་དགར་མཆོག་ཐོགས་པ།། པད་མ་དཀར་པོ་གདན་སྟེངས་འདུག། དེ་ལྟའི་མེ་ལྔ་ཀུན་ནས་ཡང་།། ཨརྒ་བླངས་ཏེ་དབུལ་བར་བྱ།། དེ་ནས་ཟླ་རྒྱས་དཀར་པོ་ལ།།
327b2 བཞུགས་པའི་འགྲོ་ཕན་སྤྱན་དྲངས་ཏེ། པད་མ་དཀར་པོ་ཤར་ཕྱོགས་སུ།། བསམ་སྟེ་སྟེང་དུ་བཞག་པར་བྱ།། དེ་ནས་དེ་ལྟར་བསམ་ནས་ཡང་།། སྒྲུབ་བྱ་རྟག་ཏུ་མདུན
327b3 བཞག་སྟེ།། དེ་ཡི་ཉེས་པ་དྲངས་ནས་ནི།། ཤིན་ཏུ་བསྲིངས་ཏེ་སྦར་བར་བྱ།། ནང་པར་སྔར་ནི་རྩང་འགྱུར་ཞིང་།། ཤིན་ཏུ་དྲི་ཞིམ་ལུས་བྱུགས་ལ།། བདུད་རྩི་བཞིན་བསམ
327b4 སྤྲིན་བསྲེག་བྱ།། དམ་ཚིག་འདི་ནི་མདའ་བར་དཀའ།། ལྷ་རྫས་བདུད་རྩི་བྲོ་ལྔ་འདི།། དབང་པོར་མེ་ལྷ་བརྟག་བྱས་ལ།། ཁྲོ་བོ་དེ་ནི་དེ་ལུས་སུ།། སྤྱན་དྲངས་ནས་ནི་བཞུགས
327b5 པར་བསམ།། དེ་ནས་དང་པོ་ཁྲོ་བོ་ལ།། སྲེག་བྱ་ལན་གསུམ་དབུལ་བར་བྱ།། དེ་ནས་དཀོན་མཆོག་གསུམ་པོ་ལ།། དེ་ནས་མེ་ལྷ་ཉིད་ལའོ།། དེ་ནས་རྡོ་རྗེ་སེམས་དཔའ་ལ།
327b6 དེ་ནས་ལྷ་རྣམས་རེ་རེ་ལ།། དེ་ནས་བགེགས་ལ་སོགས་ལ་དབུལ།། དེ་ནས་ཡིད་འོངས་ལྷ་ཡང་རུང་།། དེ་ནས་དབང་པོར་ཁྲོ་བོ་ཡི།། སྔགས་ཀྱིས་ཡམ་ཤིང་སྤྲིན་བསྲེགས་བྱ།།
327b7 དེ་ནས་ཅིག་ཏུ་སྲེག་ནས་ཡང་།། བདུད་རྩི་སྔགས་ཀྱིས་བཏབ་ནས་ཡང་།། དེ་བཞིན་སྤྲིན་བསྲེགས་བྱས་འོག་ཏུ།། བརྒྱ་སྟོང་རྙེད་དམ་ཡང་ན་ནི།། བརྒྱ་རྩ་བརྒྱད་ཀྱི་བར་དུ་ནི།།




iiif viewer powered by OpenSeadragon

327a - 328a

Texts on this page

F478 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba