e-texts navigator
Collection
Volume
Page
Wylie

327a1 ཀྱང་བཞག། མཆོད་པ་བྱ་བ་ཕྱིར་ནི་བླ་རེ་དང་།། གདུགས་དང་རྒྱལ་མཚན་རྔ་མ་ལ་སོགས་བཞག། ནང་རེག་བུར་བཅས་པའི་དྲི་ཞིམ་པའི
327a2 ཙན་དན་ལ་སོགས་པའི་བྱུག་པ་བྱུག། ཁ་ནི་ཤར་ཕྱོགས་བལྟས་ཏེ་སྦྱིན་བསྲེགས་བྱ།། དེ་བཞིན་གཤེགས་པའི་སྟན་ལ་འདུག་བྱ་འམ།། ཡང་ན་རྣལ་འབྱོར་ལྡན་ཞིང་སེམས
327a3 དཔའི་གདན།། གོ་ས་ལ་སོགས་པ་དཀར་དང་ཕྲེང་བ་དཀར་གྱི་བརྒྱན།། མར་དང་འོ་མ་སྦྲང་རྩི་དང་།། ནས་ཀྱི་ཐུག་པ་ལ་སོགས་རྣམས་རྣམས།། ཏིལ་མར་དང་ནི་ཏིལ་ཉིད་དང་།།
327a4 ཉུང་དཀར་དང་ནི་འབྲས་ཡོས་དང་།། འབྲས་ཆེན་དང་ནི་གྲོ་རྣམས་དང་།། མེ་ཏོག་ཤིན་ཏུ་དྲི་ཞིམ་རྣམས།། ག་བུར་དང་ནི་བསྲེས་ནས་ཀྱང་།། ཙན་དན་དཀར་པོས་བགོས
327a5 པ་དང་།། འདབ་བདུན་མེ་ཏོག་འབྲས་རྣམས་དང་།། ཞོ་དང་ལྡན་པར་ཡམ་ཤིང་ལ།། དེ་དག་ཁུ་བུའི་ཁྱད་པར་ལས།། རང་གི་སོར་གྱིས་གཅལ་བྱ་ཞིང་།། ཉི་ཤུ
327a6 རྩ་བཞི་ཡན་ཅད་མཆོག། སོར་བཅུ་དྲུག་ནི་བར་མ་སྟེ།། ཐ་མ་བཅུ་གཉིས་ཉིད་དུ་ཤེས།། ཤིན་ཏུ་ཆུང་ན་སོར་བརྒྱད་དེ།། བུད་ཤིང་ཞོ་དང་ལྡན་པ་ལ།། དྲི་ཆུས
327a7 སྐུས་པར་ཤེས་པར་བྱ།། བུད་ཤིང་དེ་ལས་བྱང་བའི་མ།། སླར་ནས་དྲི་ཆུས་གཏོར་ནས་ནི།། པད་མ་དཀར་པོ་ཞལ་འདྲ་དགེ། པད་མ་ནོར་བུ་རིག་པ་ཐོགས།། ལགས




iiif viewer powered by OpenSeadragon

326b - 327b

Texts on this page

F478 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba