| e-texts navigator |
| Wylie |
326b1 རྟེན་གསུམ་སྣང་མཛད།། ཟླ་བ་འདྲ་བ་དགེ་བསམ་ཞིང་།། འོད་ཟེར་བྱུང་བ་མང་པོ་ཡིས།། ཁྱབ་པར་གྱུར་པ་རྣམས་བསམས་ལ།། རིམས་དང་དུག་དང་གདོན་ལ་སོགས།། འོད་ཟེར
326b2 དེས་ནི་ཕྱུང་ནས་ཡང་།། དེ་ཡི་ནང་གནོད་པ་རྣམས།། ཞི་བའི་ཕྱིར་ནི་རིང་དུ་དོར།། དེ་ནས་ཧཱུཾ་ནི་ཚིག་བཞག་པ།། རྡོ་རྗེ་ལྟ་བུར་ལུས་བསམ་ཞིང་།། ཧཾ་གི་འཁོར་ལོས་གོ་ཆར་བྱ།། འོད
326b3 ཟེར་ཆུའི་དབང་བསྐུར་རོ།། དེ་ནས་དེ་ཡི་མིང་སྨོས་ལ།། བཟླས་པས་ཚུལ་བཞིན་བསམ་པར་བྱ།། དེ་ནས། ཁུང་བུ་གསུམ་ལ་རྣམ་ཅིག་ནི།། ཟླ་བ་རྒྱས་པའི་འོད་ཟེར་འཕྲོ་འདྲ་ལ།
326b4 ཁྲ་གང་ཙམ་འམ་ཁྲུ་དོ་བ།། མི་རྒྱལ་མཆོག་རྣམས་ཀྱིས་ནི་གཉིས་སུ་འགྱུར།། དེ་ཡིས་ས་རྣམས་རྣམ་པར་སྦྱང་བྱས་ཏེ།། འཁོར་ལོའི་སྟེང་ན་ཟླ་བའི་དཀྱིལ་འཁོར་གྱི།། དབུས་སུ།
326b5 རྡོ་རྗེ་རྩེ་ལྔར་གྱུར་པ་ཅིག། འོད་ཟེར་དཀར་པོས་ཕྲེང་བསྐོར་གཟི་ཅན་གྱི།། ཕྱག་རྒྱའི་ཚོགས་རྣམས་ཅད་བྲི་བར་བྱ།། རིགས་རྒྱལ་སོགས་པ་ཡི་ཟུར་ཕྱིན་ཅིང་།། རྒྱལ་པོ་བཞིའི
326b6 ཇི་བཞིན་ཕྱག་མཚན་རྣམས།། ཕྱོགས་ཀྱི་བདག་པོ་རྣམས་ཡང་ཕྱོགས་ཕྱོགསུ།། ལྷ་ཆེན་ལ་སོགས་ཕྱག་རྒྱ་ཁྱབ་འཇུག་དང་།། འཁོར་ལོ་ལྟ་བུ་ཉིད་དུ་བྲི་བར་བྱ།། དྲི་ཞིམ་ནུས
326b7 བཀང་མདོག་འོད་དཀར་གྱུར་པ།། དཀར་པོ་ཤིན་ཏུ་བཀྲིས་པའི་བུམ་པ་བརྒྱད།། དཀར་གསུམ་གང་བའི་གཏོར་མ་ལྷ་བཤོས་དང་།། བདུག་པ་མར་མེ་མེ་ཏོག་རྣམས