e-texts navigator
Collection
Volume
Page
Wylie

326a1 ། ཆེན་ཐོགས་ཏེ་བཞུགས།། ཨོཾ་བཛྲ་ཀྲོ་ཏ་ས་མ་ཡ་ཧཱུཾ། ཨོཾ་བཛྲ་རཀྵ་སི་ཕཊ། ཨོཾ་བཛྲ་ཀྲོ་དྷ་ན་ལ་རྐང་པུ་ར་པྲ་ཏི་ཛ་ཧཱུཾ། ཨོཾ་བཛྲ་ཀྲོ་ཏ་ན་ནི་རཀྵ་ཧཱུཾ། བ་ཤ་ཧཱུཾ།
326a2 ཨོཾ་བཛྲ་ཀྲོ་ཏ་ས་མ་ཡེ་བི་པ་ཧཱུ~ཾ་ཕཊ།། ཨོཾ་བཛྲ་ཀྲོ་ཏ་ས་མ་ཡན་ཏི་ཀྲ་མ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་རི་དྷི་ས་མ་ཡ་ཨ་བྷི་ཀྵིཉྩ་ཧཱུཾ་ཕཊ། འདིས་དབང་བསྐུར་ལ། དེ་བཞིན་དུ་དབང
326a3 བསྐར་བྱའོ།། དེ་ནས་དེ་དག་གི་བསྒྲུབ་པ་བཤད་དེ། བདག་ཉིད་ཁྲོ་བོར་སྙོམས་ཞུགས་ཏེ།། དེ་ནས་སྙིང་ཁར་ཉི་མ་བསྒོམ།། རང་གི་ཆོས་ཀྱི་ཡི་གེ་ལས།། ཁྲོས་ནས་ཡང་དང
326a4 ཡང་ཁྲོས་ཤིང་།། དེ་ཉིད་ཅིག་ཏུ་བསྒོམ་པར་བྱ།། དེ་ནས་གྲུབ་འགྱུར་གཞན་དུ་མིན།། ཁྲོ་བོའི་རྒྱལ་པོ་ལས་དངོས་སུ།། བསོད་པ་ཡིན་པར་བཤད་མོད་ཀྱི།། ཞི་དང་དབང
326a5 དང་རྒྱས་པ་རྣམས།། དེ་དག་བྱེད་འགྱུར་གདོན་མི་ཟ།། རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས།། ཁྲོ་བོའི་དཀྱིལ་འཁོར་སྒོམ་བྱས་ལ།། གདུགས་པའི་ན་འཛིན་བྱེད་ཅིང་།།
326a6 མདོར་ན་དུག་རིམས་གདོན་ལ་སོགས།། དེ་བཞིན་དེ་དག་ཐམས་ཅད་ནི།། ཐབས་ལ་སོགས་པས་འཇིགས་པ།། ཁྲོས་ནས་སྙིང་ལས་འབྱུང་འགྱུར་བ།། བསད་པའི་ལས་ལ
326a7 བསམ་པར་བྱ།། ཁྲོས་པར་གྱུར་པ་རྒོད་པའི་ཁས།། ཤ་དང་ཁྲག་རྣམས་འཇིབ་བྱེད་ཅིང་།། དེ་དག་འཚོ་བ་འཕྲོག་པར་བྱེད།། བསམ་ན་ངེས་པར་རླག་པར་འགྱུར།། ཁྲོ་བོ་འག




iiif viewer powered by OpenSeadragon

325b - 326b

Texts on this page

F478 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba