e-texts navigator
Collection
Volume
Page
Wylie

325b1 ཕྱག་ནི་བརྒྱ་ཕྲག་དུ་མར་ལྡན།། སྦྲུལ་དང་མི་སྡུག་མགོས་བརྒྱན་པ།། སྟག་ལྤགས་ཀྱི་ནི་རྨད་གཡོག་དགོས།། སྒྱུ་མ་ཐོགས་ཞིང་དབུའ་མཐའ་ཡས།། མགོ་ཐོད་ཤས་བཀང
325b2 ཕྱག་ན་བསྣམས།། དེ་ལྟར་བྲིས་ནས་ཕྱི་རོལ་དུ།། སྲིན་མོའི་ཚོགས་རྣམས་བཞག་པར་བྱ།། སྒོ་བ་རྣམས་ནི་ཇི་བཞིན་དུ།། རང་གི་ཕྱག་རྒྱའི་ཕྱག་མཚན་ཅན།། དེ་ནས་བདུད
325b3 རྩི་གང་ཡིན་པ།། བུམ་པ་བཅུ་དྲུག་བཞག་པར་བྱ།། བདུག་པ་མེ་ཏོག་དྲི་ཞིམ་དང་།། མར་མེ་དང་ནི་བྲོ་སྣོད་དང་།། ཁ་ཟས་བཀང་བའི་གཏོར་མ་དང་།། བཟའ་དང་བཅའ་དང
325b4 བདུད་རྩི་ཅེས།། མགོ་ཐོད་གང་བར་གྱུར་པ་རྣམས།། དཀྱིལ་འཁོར་ད་ནི་མང་ད་བཞག། དེ་ནས་སློབ་དཔོན་བདག་ཉིད་ཡང་།། མགུ་ནས་མགོ་ཐོད་ཕྱག་རྒྱས་བཞུགས།། ཕྱག་རྒྱ
325b5 དེ་དང་དེ་ཡི་ནི།། ཤ་རྣམས་ཀུན་གྱི་དམ་ཚིག་གསོལ།། དེ་ནས་འོད་ལྡན་སྙེད་ནས་ནི།། ཧཱུཾ་ཞེས་བྱ་བ་བསྒྲུབ་པར་བ།། དེ་ནས་སྔགས་མཁན་སྒོ་སྒོར་ཡང་།། དེ་ཉིད་དྲན་བྱེད་སྙེན
325b6 པར་བྱ།། དེ་ནི་ངེས་པར་དངོས་གྲུབ་སྟེ།། ཡུད་ཙམ་འཇིག་རྟེན་གསུམ་དབང་སྦྱར།། དཀྱིལ་འཁོར་དུ་ནི་ཚོགས་རྣམས་དང་།། རང་གི་ལྷ་ཡི་ཚོགས་རྣམས་ལ།། རྒྱུད་ལས་འབྱུང
325b7 བའི་དམ་ཚིག་བརྗོད།། དེ་ནས་མཆོད་དེ་ལང་ནས་ཀྱང་།། ཚོགས་ཆེན་རྡོ་རྗེ་སེམས་དཔའ་ཡིས།། ཚུལ་དུ་གནས་ནས་འབྱུང་བར་བྱ།། དེ་ནས་སློབ་མ་བསྡུས་ནས་ནི།། ལག་ན་རིན




iiif viewer powered by OpenSeadragon

325a - 326a

Texts on this page

F478 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa zhes bya ba