| e-texts navigator |
| Wylie |
325a1 གསོལ་བ་འདེབས་པ་ཉིད་དུ་འགྱུར།། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སེམས་དཔའི་སྐུར་བཞུགས་ཏེ། གཉིས་སུ་མེད་པར་མཉམ་པ་ཞེས་བྱ
325a2 བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། རྡོ་རྗེ་སེམས་དཔའ་ཁྲོ་བོ་མེའི་རྡོ་རྗེ་ཉི་མ་ཞེས་བྱ་བའི་སྙིང་པོ་ཉིད་ཀྱིས་ཐུགས་ཁ་ནས་བྱུང་ངོ་།། ཨོཾ་བཛྲ་སད་ཏ་ཀྲོ་ཏ་ཨ་ན་ལ།
325a3 ན་མ་ཧཱ་བཛྲ་ཀྲོ་དྷ། ཏ་པ་ཏཱ་པ། བི་ཏྲ་པ་བི་ཏྲ་བ། སརྦ་ཨ་བ་ཡཱ། ན་ག་ཤ་ན་ཤ། ཧ་རཱ་ཧ་ར། པྲ་ནན་ཧཱུཾ་ཕཊ། ཨོཾ་ཏེ་ལོ་ཀ་ར་ཧཱུཾ་ཕཊ། ཨོཾ་ཏེ་ལོག་དྷ་མ་ཀ་ཧཱུཾ་ཕཊ། ཨོཾ་ཏྲེ་ལོག
325a4 ཀྲུ་ཎྱ་ཤེནྡྲ་ཧཱུཾ་ཕཊ། ཨོཾ་ཏྲི་བྷ་བནྡྷ་དྷ་ཀཱ་ཧཱུཾ་ཕཊ། ཨོཾ་ཡ་མྲི་ཏེ་ཧཱུཾ་ཕཊ། ཨོཾ་ཀ་ལ་དྷ་ན་དྷ་ཧཱུཾ་ཕཊ། ཨོཾ་ཀ་ནི་དུ་ནི་ཧཱུཾ་ཕཊ། ཨོཾ་ཧྲཱི་ཧཱུཾ་ཕཊ། ཨོཾ་ཀ་ལ་ཨ་བྷུ་ཤ་ཧཱུཾ་ཕཊ། ཨོཾ་ཀ་ལ་པ་ཤ་ཧཱུཾ
325a5 ཕཊ། ཨོཾ་ཀ་ལ་བན་དྷ་ཧཱུཾ་ཕཊ། ཨོཾ་ཀ་ལ་ར་ག་ཧཱུཾ་ཕཊ། ཨོཾ་ཀ་ལ་ར་ག་ཀཱ་སི་ཧཱུཾ་ཕཊ། ཨོཾ་ཀ་ལ་དྷ་ན་དྷ་ཧཱུཾ་ཕཊ། ཨོཾ་ཀ་ལ་རི་ཏི་ཧཱུཾ་ཕཊ། ཨོཾ་ཀ་ལ་ཡ་ཀྵ་སི་ཧཱུཾ་ཕཊ། དེ་ནས་དཀྱིལ
325a6 འཁོར་མི་ཟད་པ།། ཆེ་བའི་མཆོག་སྟེ་རྩིབས་བཅུ་གཉིས།། ལྷ་རྫས་འབར་བའི་ཕྲེང་བས་དཀྲིས།། ཤིན་ཏུ་འབར་ཞིང་ཆེར་འབར་བ།། དེ་ལྟར་དཀྱིལ་འཁོར་བྲིས་ནས་ཀྱང་།།
325a7 རྡོ་རྗེ་སེམས་དཔའ་བཞག་པར་བྱ།། འཇིག་རྟེན་གསུམ་སྣང་ལ་སོགས་ཁྲོ་བོ་ཀུན།། མ་རུངས་སྙིང་ཁར་གནན་ནས་སྡིག་བྱེད་ཅིང་།། ཞལ་ནི་ཤིན་ཏུ་འཇིགས་འཇིགས་ལྟ།